Back
Explore every episode of the podcast བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།
Dive into the complete episode list for བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།. Each episode is cataloged with detailed descriptions, making it easy to find and explore specific topics. Keep track of all episodes from your favorite podcast and never miss a moment of insightful content.
| Title | Pub. Date | Duration | |
|---|---|---|---|
| རྒྱ་གར་ཧི་མ་ལ་ཡ་ན་ལེཎྜའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་དགོས་དམིགས་དང་ལས་དོན། - སྤྱི་ཟླ་བཅུ་གཅིག་པ། ༠༢, ༢༠༢༤ | 02 Nov 2024 | 00:13:59 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་རྒྱ་གར་ཧི་མ་ལ་ཡ་ན་ལེཎྜའི་སྲོལ་རྒྱུན་ལྷན་ཚོགས་ཞེས་པའི་ཚོགས་པའི་དགོས་དམིགས་དང་ལས་དོན་གཉེར་ཕྱོགས་སོགས་ཀྱི་སྐོར་ལ་ཚོགས་པ་དེ་གའི་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་དང་གླེང་མོལ་ཞུས་ཡོད། ཚོགས་པ་དེ་ནི་ཤར་མོན་ནས་ནུབ་ལ་དྭགས་བར་ཁྱབ་པའི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་པ་རེད། | |||
| བོད་དང་ཤར་ཏུ་ཀི་སི་ཐན་གྱི་འགྲོ་མིའི་ཐོབ་ཐང་ཐད་རྒྱལ་ཁབ་བཅོ་ལྔ་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ། - སྤྱི་ཟླ་བཅུ་པ། ༢༦, ༢༠༢༤ | 26 Oct 2024 | 00:13:01 | |
ཉེ་ཆར་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུ་ཀི་སི་ཐན་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏང་མུས་ཡིན་པའི་ཐད་རྒྱལ་ཁབ་བཅོ་ལྔ་མཉམ་འབྲེལ་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་གལ་གནད་སྐོར་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད། | |||
| པཱ་ལི་སྐད་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་སྐད་ཅིག་ཏུ་ངོས་འཛིན་གནང་བའི་གལ་གནད། - སྤྱི་ཟླ་བཅུ་པ། ༡༩, ༢༠༢༤ | 19 Oct 2024 | 00:14:00 | |
ཐེངས་འདིའི་ལས་རིམ་ནང་བསྟན་འཛིན་ནོར་བཟང་ལགས་ཀྱིས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་དང་ལྷན་དུ་སྲིད་བློན་མོ་ཌི་མཆོག་གིས་པཱ་ལི་སྐད་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་སྐད་ཅིག་ཏུ་ངོས་འཛིན་གནང་རྒྱུའི་སྐོར་གསུངས་པའི་གནད་འགག་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| བཙན་བྱོལ་བོད་མིའི་དགུན་ཁའི་སུད་ཚོང་གི་གནས་བབས། - སྤྱི་ཟླ་བཅུ་པ། ༡༢, ༢༠༢༤ | 12 Oct 2024 | 00:13:09 | |
ཐེངས་འདིའི་ལས་རིམ་ནས་བསྟན་འཛིན་ནོར་བཟང་ལགས་ནས་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་དང་ལྷན་དུ་བཙན་བྱོལ་བོད་མིའི་དགུན་ཁའི་སུད་ཚོང་གི་གནས་བབས་སྤྱིའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་བོད་མི་སུད་ཚོང་བ་ལ་ཕན་པའི་རོགས་འདེགས་གནང་ཕྱོགས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| ནང་པ་དང་ཡེ་ཤུའི་སློབ་ཆེན་སློབ་མའི་བར་ཤེས་ཡོན་བརྗེ་ལེན། - སྤྱི་ཟླ་བཅུ་པ། ༠༥, ༢༠༢༤ | 05 Oct 2024 | 00:11:11 | |
༄༅། །ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་སེ་ར་བྱེས་སྒྲ་སྒྱུར་སྡེ་ཚན་གྱི་འགན་འཛིན་ཐུབ་བསྟན་མཐར་ཕྱིན་ལགས་དང་ལྷན་དུ་ནང་པ་དང་ཡེ་ཤུའི་སློབ་ཆེན་སློབ་མའི་བར་གྱི་ཤེས་ཡོན་བརྗེ་ལེན་ལས་རིམ་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| བཞུགས་སྒར་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལཊ་སུ་ཀངྒ་ར་རྫོང་གི་ཆེས་མཐོའི་གཟེངས་རྟགས་གནང་བ། - སྤྱི་ཟླ་དགུ་པ། ༢༨, ༢༠༢༤ | 28 Sep 2024 | 00:14:42 | |
བཞུགས་སྒར་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལཊ་སུ་ཀངྒ་ར་རྫོང་གི་ཆེས་མཐོའི་གཟེངས་རྟགས་གནང་བ། འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་གཟེངས་རྟགས་དེ་བརྒྱུད་མ་འོངས་ལས་དོན་ཐད་ལ་སྐུལ་ལྕགས་འཕར་མ་ཇི་བྱུང་སོགས་དང་འབྲེལ་ནས་ས་གནས་འགོ་འཛིན་ཁོང་རང་ཉིད་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་ཡིན། | |||
| མང་ཚོགས་ལ་ཚན་རིག་དང་ནང་ཆོས་སྐོར་འགྲེམས་སྟོན་གོ་སྒྲིག་གནང་བའི་དགེ་མཚན། - སྤྱི་ཟླ་དགུ་པ། ༡༤, ༢༠༢༤ | 14 Sep 2024 | 00:13:39 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་དགེ་འདུན་པའི་ཆེད་ཚན་རིག་ལས་འཆར་གྱི་འགན་འཛིན་ཀརྨ་ཐུབ་བསྟན་ལགས་དང་ལྷན་དུ་མང་ཚོགས་ལ་ཚན་རིག་དང་ནང་ཆོས་དང་འབྲེལ་བའི་འགྲེམས་སྟོན་གོ་སྒྲིག་གནང་བའི་དགེ་མཚན་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| བོད་པའི་སྤྱི་ཚོཊ་ནང་སྒྱུ་རྩལ་མི་སྣ་དང་བརྩམས་ཆོས་ལ་གདེང་འཇོག་དང་ངོས་འཛིན་གནང་ཕྱོཊ། - སྤྱི་ཟླ་དགུ་པ། ༠༧, ༢༠༢༤ | 07 Sep 2024 | 00:14:51 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ན་གཞོན་སྒྱུ་རྩལ་བ་བསྟན་དར་ལགས་དང་འཇམ་དབྱངས་བསྟན་འཛིན་ལགས་ལྷན་དུ་བོད་པའི་སྤྱི་ཚོགས་ནང་སྒྱུ་རྩལ་མི་སྣ་དང་ཁོང་ཚོའི་ལས་ཀ་དང་བརྩམས་ཆོས་ལ་གདེང་འཇོག་དང་ངོས་འཛིན་གནང་ཕྱོགས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| སྔ་འགྱུར་རྙིང་མའི་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་ཆོས། - སྤྱི་ཟླ་བརྒྱད་པ། ༣༡, ༢༠༢༤ | 31 Aug 2024 | 00:14:38 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་འབྲུག་སྤ་གྲོར་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ནས་གསང་ཆེན་སྔ་འགྱུར་རྙིང་མའི་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་ཆོས་བཀའ་དྲིན་སྩོལ་བཞིན་པའི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| གཞས་པ་གྲགས་ཅན་བཀྲས་ཆུང་ལགས་དང་ལྷན་དུ་བོད་ཀྱི་ཟློས་གར་སྒྱུ་རྩལ་གླེང་བ། - སྤྱི་ཟླ་བརྒྱད་པ། ༡༧, ༢༠༢༤ | 17 Aug 2024 | 00:14:03 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་དང་ལྷན་དུ་བཙན་བྱོལ་ནང་གི་གཞས་པ་གཞས་མ་དང་ཟློས་གར་སྒྱུ་རྩལ་བ་ནང་ཕན་ཚུན་གྱི་འབྲེལ་བ་དང་། བོད་ཀྱི་ཟློས་གར་རིག་གནས་མི་ཉམས་རྒྱུན་འཛིན་གྱི་བསམ་བློ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| བྷང་ལཱ་ཌེ་ཤིའི་ཆབ་སྲིད་འཕོ་འགྱུར་དང་ད་ལྟའི་གནས་སྟངས། - སྤྱི་ཟླ་བརྒྱད་པ། ༡༠, ༢༠༢༤ | 10 Aug 2024 | 00:21:10 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟག་ལགས་ནས་རྩོམ་སྒྲིག་པ་བློ་བཟང་ཡེ་ཤེས་ལགས་དང་ལྷན་དུ་བྷང་ལཱ་ཌེ་ཤིའི་ནང་གི་ཆབ་སྲིད་འཕོ་འགྱུར་དང་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཕྱི་རྒྱལ་དུ་གནས་སྡོད་བོད་པའི་སློབ་ཕྲུག་ཚོར་དམིཊ་ནས་སློབ་ཁྲིད་གནང་བཞིན་པ། - སྤྱི་ཟླ་བརྒྱད་པ། ༠༣, ༢༠༢༤ | 03 Aug 2024 | 00:13:10 | |
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ཕྱི་རྒྱལ་དུ་གནས་སྡོད་བོད་པའི་སློབ་ཕྲུག་ཚོར་དམིགས་ཏེ། ཟླ་བ་གཅིག་ལྷག་གི་རིང་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། བོད་ཀྱི་སྐད་ཡིག བོད་ཀྱི་རིག་གཞུང་སོགས་སློབ་ཁྲིད་གནང་བཞིན་ཡོད་པའི་སྐོར་དགེ་བཤེས་བསྟན་འཛིན་དམ་ཆོས་ལགས་དང་ལྷན་དུ་བགྲོ་གླེང་ཞུས་ཡོད། | |||
| ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་རིམ་གྱིས་རྒྱལ་སྤྱིའི་ཆབ་སྲིད་ལ་ཤུགས་རྐྱེན། - སྤྱི་ཟླ་བདུན་པ། ༢༧, ༢༠༢༤ | 27 Jul 2024 | 00:17:06 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟག་ལགས་ནས་རྩིམ་སྒྲིག་པ་བློ་བཟང་ཡེ་ཤེས་ལགས་དང་ལྷན་དུ་ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་རིམ་གྱིས་རྒྱལ་སྤྱིའི་ཆབ་སྲིད་ལ་ཤུགས་རྐྱེན་དང་ཁྱད་པར་ཅི་ཐེབས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| སྐྱེས་པ་ཕོ་ཚོས་བུད་མེད་ཀྱི་བདེ་དོན་སླད་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་ཚུལ། - སྤྱི་ཟླ་བདུན་པ། ༢༠, ༢༠༢༤ | 20 Jul 2024 | 00:13:05 | |
འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་དང་ལྷན་དུ་སྐྱེས་པ་ཕོ་ཚོས་བུད་མེད་ཀྱི་བདེ་དོན་སླད་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་ཚུལ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| འཛམ་གླིང་མི་སེར་ཁྲིམས་ཁང་གིས་ཞིས་ཅིན་ཕིང་གིས་བོད་དུ་ནག་ཉེས་བསགས་པར་ངོས་འཛིན། - སྤྱི་ཟླ་བདུན་པ། ༡༣, ༢༠༢༤ | 13 Jul 2024 | 00:10:40 | |
འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་འབྲུག་ཐར་རྒྱལ་ལགས་དང་ལྷན་དུ་ནེ་ཌར་ལན་ཌིའི་འཛམ་གླིང་མི་སེར་ཁྲིམས་ཁང་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བོད་དང་ཤར་ཏུར་ཀིས་ཐན་གྱི་མི་སེར་ལ་སྡུག་སྦྱོང་མནར་གཅོད་དང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་འཛིན་པར་ཉེས་ཅན་དུ་ངོས་འཛིན་གནང་ཡོད་པའི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དང་དེའི་ཁྲིམས་ཀྱི་ཕན་ནུས། - སྤྱི་ཟླ་དྲུག་པ། ༢༢, ༢༠༢༤ | 22 Jun 2024 | 00:25:07 | |
ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཁྲིམས་ཀྱི་ནུས་པ་དང་། དེས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཕན་ཐོགས་ཇི་ཙམ་སྒྲུབ་ཐུབ་མིན་སྐོར་ལ་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་གླེང་མོལ་ཞུས་ཡོད། | |||
| འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་སྐོར་གླེང་བ། - སྤྱི་ཟླ་དྲུག་པ། ༡༥, ༢༠༢༤ | 15 Jun 2024 | 00:24:18 | |
འབྱོར་ལྡན་རྒྱལ་ཁབ་བདུན་གྱི་G-7ལྷན་ཚོགས་ཀྱི་རྒྱབ་ལྗོངས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟིགས་ཕྱོགས་སོགས་ཀྱི་སྐོར་ལ་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད། | |||
| བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཟུར་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གོ་སྟོན་བརྟན་བཞུགས་འབུལ་འཆར་སྐོར། - སྤྱི་ཟླ་དྲུག་པ། ༠༡, ༢༠༢༤ | 01 Jun 2024 | 00:22:58 | |
འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ལས་བྱེད་ཟུར་པ་ཐུབ་བསྟན་དབང་རྒྱལ་ལགས་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཟུར་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གོ་སྟོན་བརྟན་བཞུགས་འབུལ་འཆར་སྐོར་དང་། ལྷག་པར་དུ་དེ་སྔའི་ལས་བྱེད་ཚོའི་སེམས་ཤུགས་དང་ལྷག་བསམ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་དང་སཱི་ཤེས་ཡོན་སློབ་གསོའི་ཚོགས་འདུ། - སྤྱི་ཟླ་ལྔ་པ། ༢༥, ༢༠༢༤ | 25 May 2024 | 00:23:50 | |
འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ཨ་རིའི་ཨེ་མོ་རི་སཱི་ཤེས་ཡོན་ཚན་པའི་འགན་འཛིན་ལས་རོགས་བརྩོན་འགྲུས་བསམ་འཕེལ་ལགས་དང་སེར་བྱེས་ཤེས་ཡོན་ཚན་པའི་འགའ་འཛིན་དགེ་བཤེས་ཐབས་མཁས་ལགས། དེ་བཞིན་ཐེངས་འདིའི་སཱི་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུར་བཅར་བའི་ཚོགས་བཅར་བ་ཁག་ཅིག་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད། | |||
| ཁར་ཤང་བོད་སྐད་རླུང་འཕྲིན་ལས་རིམ་སྐོར། - སྤྱི་ཟླ་ལྔ་པ། ༡༨, ༢༠༢༤ | 18 May 2024 | 00:27:05 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ཁར་ཤང་བོད་སྐད་རླུང་འཕྲིན་ལས་རིམ་སྐོར་ལ་དེ་གའི་འགན་འཛིན་ཟུར་པ་ཚུལ་ཁྲིམས་ཆོས་འཕེལ་ལགས་དང་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་། | |||
| རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྒྲ་སྒྱུར་ཉམས་ཞིབ་ཁང་གི་ལས་དོན་དང་གྲུབ་འབྲས། - སྤྱི་ཟླ་ལྔ་པ། ༠༤, ༢༠༢༤ | 04 May 2024 | 00:20:48 | |
ཨ་རིའི་རླུང་འཕྲིན་ཁང་གི་རེས་གཟའ་ཉི་མའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་གྱི་སྐུ་མགྲོན་དུ་རྒྱ་གར་ལྷོ་ཕྱོཊ་སྦེལ་ཀོབ་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྒྲ་སྒྱུར་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ཞབས་ལུང་རྟོགས་དགེ་འདུན་ལཊ་གདན་འདྲེན་ཞུས་ནས་བོད་ཀྱི་སྒྲ་སྒྱུར་ཉམས་ཞིབ་ཁང་གི་ལས་དོན་དང་གྲུབ་འབྲས་སྐོར་ལ་གླེང་མོལ་ཞུ་གི་ཡིན། | |||
| བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་གྲུབ་དོན་དང་མ་འོངས་ལས་འཆར། - སྤྱི་ཟླ་བཞི་པ། ༢༧, ༢༠༢༤ | 27 Apr 2024 | 00:24:30 | |
འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ནས་སྐབས་༡༤ པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་དང་ལྷན་དུ་ཉེ་ལམ་མཇུག་སྒྲིལ་བྱུང་བའི་ཚོགས་ཆེན་ཐེངས་༡༤ པའི་གྲུབ་དོན་དང་། བྱེ་བྲག་སྐབས་གསར་པའི་རྒྱུན་ལས་ཀྱི་ཐོག་ནས་མ་འོངས་པར་ལས་འཆར་དང་ལས་འགུལ་གསར་པ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ་འདིར་གསལ། | |||
| རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ལྷ་མོ་ཚོཊ་པའི་འཕེལ་རིམ་དང་སློབ་ཕྲུག་ཚོའི་དོ་དབྱིངས། - སྤྱི་ཟླ་བཞི་པ། ༢༠, ༢༠༢༤ | 20 Apr 2024 | 00:26:22 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རིག་གཞུང་ཚོཊ་ཆུང་གི་ཚོགས་གཙོ་རྒན་དོན་འགྲུབ་རྒྱལ་པོ་ལགས་དང་ལྷན་དུ་སློབ་གྲྭའི་ལྷ་མོ་ཚོཊ་པའི་འཕེལ་རིམ་དང་ལྷག་པར་དུ་དེ་ཞག་སློབ་ཕྲུག་ཚོའི་དོ་དབྱིངས་ཆེ་རུ་འགྲོ་བཞིན་པ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| གཡུང་དྲུང་བོན་གྱི་སྨན་རིའི་སྒྲུབ་ཆེན་གྱི་ཆོས་འབྱུང་ལོ་རྒྱུས་དང་དེའི་ཕན་ཡོན། - སྤྱི་ཟླ་བཞི་པ། ༡༣, ༢༠༢༤ | 13 Apr 2024 | 00:18:44 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་ལྷན་དུ་གཡུང་དྲུང་བོན་གྱི་སྨན་རིའི་སྒྲུབ་ཆེན་གྱི་ཆོས་འབྱུང་ལོ་རྒྱུས་དང་དེའི་ཕན་ཡོན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས། | |||
| ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་བོད་ཀྱི་སྐད་ཡིག། - སྤྱི་ཟླ་བཅུ་པ། ༢༨, ༢༠༢༣ | 28 Oct 2023 | 00:27:20 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་༢༥ འཁོར་བའི་དུས་ཚིགས་སྲུང་བརྩིས་ཞུས་པ་དང་བསྟུན། ཤེས་ཡོན་ལྟེ་གནས་ཁང་དེ་ནས་བོད་ཀྱི་རིག་གནས་དང་སྐད་ཡིག་མི་ཉམས་གོང་འཕེལ་ཐད་ཕན་ཐོགས་ཇི་ཙམ་བསྒྲུབས་ཐད་གླེང་མོལ་ཞུས་ཡོད། | |||
| བགྲོ་གླེང་མདུན་ལྕོག རྒྱ་ནག་གི་ས་ཁྲ་གསར་བ་འདོན་སྤེལ་བྱེད་དགོས་དོན་དང་དེར་རྒྱལ་སྤྱིའི་ཡ་ལན་བྱེད་ཕྱོགས། - སྤྱི་ཟླ་དགུ་པ། ༡༠, ༢༠༢༣ | 10 Sep 2023 | 00:33:35 | |
༄༅། ཉེ་འཆར་རྒྱ་ནག་གཞུང་གིས་ས་ཁྲ་གསར་ཞིག་འདོན་སྤེལ་བྱས་ཏེ་རྒྱ་གར་གྱིས་ས་ཆ་དང་ཉེ་ཧོང་གི་མཚོ་གླིང་སོགས་རྒྱ་ནག་གི་མངའ་ཁོངས་ཡིན་པ་གསལ་སྟོན་བྱས་ཡོད་པར་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་པ་དེའི་ཐོག་ས་ཁྲའི་ཆེད་ལས་པ་དང་ཉམས་ཞིབ་པ་གདན་ཞུས་ཀྱི་གླེང་མོལ་ཞུས་པ། | |||
| བོད་མིའི་མང་གཙོའི་གནས་བབ། མ་འོངས་ཁ་ཕྱོགས་སོགས་ཀྱི་སྐོར་གླེང་པ། - སྤྱི་ཟླ་དགུ་པ། ༠༣, ༢༠༢༣ | 03 Sep 2023 | 00:16:41 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་༦༣ པ་བསྟུན། བོད་མིའི་མང་གཙོའི་ལམ་བུ་དང་ད་ལྟའི་གནས་བབ། མ་འོངས་ཁ་ཕྱོགས་སོགས་ཀྱི་སྐོར། | |||
| རྒྱ་ནག་གིས་བོད་མིའི་ངོ་བོ་འགྱུར་ཐབས་བྱེད་བཞིན་པའི་ཇུས་ངན་སྲིད་བྱུས་སྐོར་གླེང་བ་། - སྤྱི་ཟླ་བརྒྱད་པ། ༢༧, ༢༠༢༣ | 27 Aug 2023 | 00:24:25 | |
གཟའ་འཁོར་འདིའི་ལེ་ཚན་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ངན་པ་ལག་བསྟར་བྱེད་སྟངས་དང་འདིའི་ཤུགས་རྐྱེན་སོགས་ཀྱི་གླེང་མོལ་ཞུས་པ་དེ་གསན་རོགས་གནང་། | |||
| རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༣ | 20 Aug 2023 | 00:21:38 | |
རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་སྤྱི་ཡོངས་སྐོར་དང་། བོད་རང་བཙན་འཐབ་རྩོད་པའི་གནས་བབ་དང་མ་འོངས་ཁ་ཕྱོགས་སོགས་ཀྱི་སྐོར་ཚོགས་ཆེན་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་ལ་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་ལགས་ཀྱིས་གླེང་མོལ་ཞུས་ཡོད།། | |||
| ཤི་ཇི་ཕིང་གིས་བོད་ཀྱི་ངོ་བོ་བརྩ་བརླགས་བཏང་རྒྱུའི་སྲིད་བྱུས་དང་འདིའི་བྱུང་འབྲས། - སྤྱི་ཟླ་བརྒྱད་པ། ༡༤, ༢༠༢༣ | 13 Aug 2023 | 00:20:17 | |
ཉེ་དུས་ཨ་རིའི་རྒྱལ་ས་ལྦན་ཤོན་ཊོན་ནང་བརྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཤི་ཇི་ཕིང་གི་འདས་པའི་ལོ་ངོ་བཅུ་ལྷག་དབང་བསྒྱུར་བྱས་རིང་ལ་བོད་ཐོག་ལ་སྲིད་བྱུས་གང་འདྲ་ལག་བསྟར་བྱས་ཡོད་པ་དང། སྲིད་བྱུས་དེ་རིགས་ཀྱིས་བོད་མིར་ཤུགས་རྐྱེན་གང་འདྲ་བྱུང་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད། | |||
| ཤྲི་རི་ན་གར་ཁུལ་གྱི་བོད་པ་ལྷ་སའི་ཁ་ཆེ་བ་ཚོའི་གནས་སྟངས། - སྤྱི་ཟླ་བརྒྱད་པ། ༠༦, ༢༠༢༣ | 06 Aug 2023 | 00:20:44 | |
འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཚོང་ལས་གཉེར་བཞིན་པའི་ལྷ་སའི་ཁ་ཆེ་བ་སྐུ་ཞབས་ཨབ་རྡུལ་རེཧ་མན་ལགས་དང་སྐུ་ཞབས་ཨ་སྦུ་སྦར་ཀར་ལགས་དང་ལྷན་དུ་ཁོང་རྣམ་པའི་ཚོང་ལས་ཀྱི་རང་བཞིན་དང་ཤྲི་རི་ན་གར་ཁུལ་གྱི་བོད་པ་ལྷ་སའི་ཁ་ཆེ་བ་ཚོའི་གནས་སྟངས་སྐོར་ལ་གླེང་མོལ་ཞུས་་པ་གསན་རོགས། | |||
| བོད་ལ་ཆོས་བཞུགས་སུ་ཕེབས་མྱོང་མཁན་ལ་དྭགས་པའི་མཁས་དབང་ཞིག་གི་ལོ་རྒྱུས། - སྤྱི་ཟླ་བདུན་པ། ༣༠, ༢༠༢༣ | 30 Jul 2023 | 00:25:18 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ལ་དྭགས་པ་ལོ་རྒྱུས་སྨྲ་བ་རྒན་ཐུབ་བསྟན་དཔལ་ལྡན་ལགས་དང་ལྷན་ཁོང་དེ་སྔ་བོད་ལ་ཆོས་བཞུགས་སུ་ཕེབས་པའི་དུས་སྐབས་ཀྱི་་མཐོང་ཐོས་མྱོང་འཚོར་གྱི་ལོ་རྒྱུས་སྐོར་གླེང་མོལ་ཞུས་པ་དེ་གསན་རོགས།། | |||
| གཞོན་སྐྱེས་ཚོས་ལྷ་གཞུང་འཁྲབ་བསྟོན་ལ་དོ་སྣང་བྱ་ཕྱོགས། - སྤྱི་ཟླ་བདུན་པ། ༢༣, ༢༠༢༣ | 23 Jul 2023 | 00:22:39 | |
ད་རིང་གི་ལས་རིམ་འདིའི་ནང་ཀེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་ནང་གི་གཞོན་སྐྱེས་ཚོར་ལྷ་མོའི་འཁྲབ་གཞུང་སློབ་ཁྲིད་བྱེད་ཕྱོགས་ཀྱི་བརྒྱུད་རིམ་དང། བརྒྱུད་རིམ་འདི་ནས་གཞོན་སྐྱེར་ཉམས་མྱོང་དང་སློབ་གསོ་ག་རེ་བྱུང་ཡོད་པའི་ཐད་ལ་གླེང་སློང་བྱེད་ཀྱི་རེད། | |||
| བགྲོ་གླེང་མདུན་ཅོག བྱང་ཐང་འབྲོག་པའི་མི་ཚེའི་འགྱུར་བ། - སྤྱི་ཟླ་བདུན་པ། ༡༧, ༢༠༢༣ | 16 Jul 2023 | 00:14:37 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་ཏུ་ལ་དྭགས་བྱང་ཐང་ཧན་ལེ་ཡི་འགོ་པ་ཟུར་པ་བསྟན་པ་བརྩོན་འགྲུས་ལགས་ཀྱི་ལྷན་ལ་དྭགས་བྱང་ཐང་བོད་མི་འབྲོག་པ་ཚོའི་འཚོ་གནས་དང་འགྱུར་བ། | |||
| བོད་མིའི་གཙོས་པའི་ཕྱི་ནང་མང་ཚོགས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཕྱོགས་སྐོར་གླེང་བ། - སྤྱི་ཟླ་བདུན་པ། ༡༠, ༢༠༢༣ | 09 Jul 2023 | 00:21:57 | |
༄༅། འདི་ལོ་་འཛམ་གླིང་ཕྱོགས་ཡོངས་སུ་དད་ལྡན་མང་ཚོས་ནས་མགོན་པོ་གང་ཉིད་ཕྱི་ལུགས་ལྟར་དགུང་གྲངས་༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད། ༧གོང་ས་མཆོག་གི་འཁྲུངས་སྐོར་གྱི་གལ་གནད་སྐོར་བགྲོ་གླེང་ཞུས་པ་དེ་གཤམ་ལ་ཀུན་བཟང་རིག་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད། | |||
| བགྲོ་གླེང་མདུན་ཅོག མོ་ཌི་དང་བྷ་ཌན་གཉིས་ཀྱི་མཇལ་མོལ་གྱིས་རྒྱ་ནག་ལ་བརྡ་ལན་དང་བོད་དོན་འབྲེལ་ཆགས། - སྤྱི་ཟླ་བདུན་པ། ༠༣, ༢༠༢༣ | 03 Jul 2023 | 00:28:35 | |
བདུན་ཕྲག་སྔ་མར་རྒྱ་གར་གྱི་སྲིད་བློན་ན་རེན་ཌ་ར་མོ་ཌི་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དེ་ལ་རྒྱལ་སྤྱི་ཁྱོན་ནས་འགྱུར་བ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེས་རྒྱ་གར་གྱི་ཁྱིམ་མཚེས་རྒྱ་ནག་ལ་བརྡ་ལན་གང་སྤྲད་དང་། དེ་ནས་བོད་དོན་ལ་འབྲེལ་ཆགས་གནས་ཚུལ་གང་བྱུང་བ་བཅས་ཀྱི་ཐད་གླེང་མོལ་ཞུས་ཡོད། | |||
| སྤྱི་ཚོགས་དྲ་ལམ་གྱིས་གཞོན་སྐྱེས་ཀྱི་ལུས་སེམས་འཕྲོད་བསྟེན་ལ་ཤུགས་རྐྱེན་ཇི་ཐེབས། - སྤྱི་ཟླ་དྲུག་པ། ༡༡, ༢༠༢༣ | 11 Jun 2023 | 00:23:58 | |
གཟའ་འཁོར་འདིའི་ལས་རིམ་ནང། སྤྱི་ཚོགས་དྲ་ལམ་བོད་སྦྱོད་བྱེད་ཕྱོགས་དང་། བེད་སྦྱོད་མང་དྲག་ན་གནོད་སྐྱོན་ཕོག་གི་ཡོད་པའི་ཐད་ལ་འབྲེལ་ཡོད་གཞོན་སྐྱེས་གཉིས་དང་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད། | |||
| ཡིག་རྒྱུགས་གྲུབ་འབྲས་ཀྱིས་ཤེས་ཡོན་གནས་ཚད་མངོན་ཐུབ་བམ། - སྤྱི་ཟླ་ལྔ་པ། ༢༡, ༢༠༢༣ | 21 May 2023 | 00:30:06 | |
བདུན་ཕྲག་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་ཕྲུག་ཚོར་གྲུབ་འབྲས་བཟང་བོ་བྱུང་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་བརྒྱ་ཆ་མཐོན་པོར་སོན་པ་དེས་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་ཚད་སྔར་ལས་མཐོ་རུ་སོང་ཡོད་མེད་སོགས་ཀྱི་སྐོར་གླེང་མོལ་ཞུས་ཡོད། | |||
| ཀེ་ན་ཊའི་ནང་གི་བོད་དོན་ཞུ་གཏུགས་ལས་འགུལ་གྱི་མཇུག་འབྲས་དང་གལ་གནད། - སྤྱི་ཟླ་ལྔ་པ། ༡༤, ༢༠༢༣ | 13 May 2023 | 00:22:47 | |
༄༅། གཟའ་འཁོར་འདིའི་རེས་གཟའ་ཕུར་བུའི་ཉིན་ཀེ་ན་ཊའི་ནང་གི་བོད་པའི་ཚོགས་པ་ལྔ་ཙམ་མཉམ་རུབ་ཐོག་ནས་ཀེ་ན་ཊའི་རྒྱལ་ས་ཨོ་ཊ་བར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་ཀུན་བཟང་རིག་འཛིན་གྱིས་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད། | |||
| ཧི་མ་ལ་ཡའི་དད་ལྡན་མང་ཚོགས་ནས་༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གཞི་རྒྱ་ཆེ་ཤོས་སྤེལ་བའི་སྐོར། - སྤྱི་ཟླ་ལྔ་པ། ༡༠, ༢༠༢༣ | 09 May 2023 | 00:14:50 | |
༄༅། །འདས་པའི་བདུན་ཕྲག་ཁ་ཤས་ནང་ལ་དྭགས་ནས་མོན་རྟ་དབང་བར་རྒྱ་གར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མང་ཚོགས་ནས་༧གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་ཁྲོམ་སྐོར་སྐད་འབོད་བྱས་ཡོད་པ་དེའི་ཐོག་འཇམ་དབྱངས་རྡོ་རྗེ་ལགས་དང་ལྷན་དུ་ལས་འགུལ་དེས་རྒྱ་དཀར་ནག་གཉིས་ལ་དམིགས་བསལ་བརྡ་ལན་གང་སྤྲད་མིན་སྐོར་གླེང་མོལ། | |||
| བཅད་གཏུབ་བྱས་པའི་བརྙན་ཐུང་བརྒྱུད་བསྒྲགས་བྱེད་མཁན་སུ་ཡིན་དང་ཁོང་ཚོའི་སྐུལ་སློང། - སྤྱི་ཟླ་བཞི་པ། ༣༠, ༢༠༢༣ | 29 Apr 2023 | 00:33:27 | |
གཟའ་འཁོར་འགའ་ཤས་གོང་རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁ་ཤས་ཀྱིས་༧གོང་ས་མཆོག་གིས་རྒྱ་གར་གྱི་ཕྲུ་གུ་ལོ་ཆུང་ཞིག་ལ་བྱམས་སྐྱོང་གནང་བའི་བརྙན་ཐུང་དེ་བཅད་བཏུབ་བྱས་ཏེ་སྤྱི་ཚོགས་དྲ་ལམ་ནང་ཁྱབ་སྤེལ་གཏོང་མཁན་དེ་སུ་ཡིན་པ་དང། ཁོང་ཚོའི་སྐུལ་སློང་དང་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཐད་ལ་གླེང་མོལ་ཞུ་ཡི་རེད། | |||
| མདུན་ཅོག་བགྲོ་གླེང་། - སྤྱི་ཟླ་བཞི་པ། ༢༤, ༢༠༢༣ | 23 Apr 2023 | 00:25:21 | |
༄༅། །ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་དུ་ལྡི་ལིར་ཚོགས་པའི་རྒྱལ་སྤྱི་ནང་པའི་ལྷན་ཚོགས་སྤྱི་ཡོངས་སྐོར་དང་། ཁྱད་པར་དུ་ལྷན་ཚོགས་ཀྱི་སྐུ་མགྲོན་དུ་༧གོང་ས་མཆོག་དང་སྲིད་བློན་མོ་ཌི་མཆོག་ཕེབས་པའི་གལ་གནད་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| བོད་མིའི་དྭང་བླང་དཔྱ་དེབ་གསར་བཟོ་དང་འབུལ་ཆད་སྐོར། - སྤྱི་ཟླ་གསུམ་པ། ༢༥, ༢༠༢༣ | 25 Mar 2023 | 00:24:02 | |
ཐེངས་འདིའི་བགྲོ་གླེང་མདུན་ལྕོག་ནང་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ཨོ་སི་ཊོ་ལེ་ཤི་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དང་དཔལ་འབྱོར་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་ལྷན་དུ་དྭང་བླང་དཔྱ་དེབ་གསར་བཟོ་དང་འབུལ་ཆད་ཐད་ཆག་ཡང་སྐོར་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་། | |||
| བོད་པའི་སྤྱི་ཚོགས་ནང་བརྙན་ཐུང་བཟོ་རྒྱུའི་ལམ་ལུགས་དར་ཁྱབ་འགྲོ་བཞིན་པ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༣ | 19 Mar 2023 | 00:24:50 | |
བོད་པའི་སྤྱི་ཚོགས་ནང་ལ་YouTube སྤྱི་ཚོགས་བརྒྱུད་ལམ་ཐོག་ནས་Vlogདང་ཡང་ན་བརྙན་ཐུང་བཟོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། མི་མང་ཚོས་ཀྱང་བརྙན་ཐུང་དེ་རིགས་ལ་དགའ་མོས་བྱེད་བཞིན་ཡོད་པས། བརྙན་པར་གྱི་ལམ་ནས་ཟིན་ཐོ་བཀོད་མཁན་བོད་མི་གཉིས་དང་མཉམ་དུ་ཁོང་གཉིས་ཀྱིས་སྤྱི་ཚོགས་བརྒྱུད་ཐོག་ལ་བརྙན་ཐུང་རིགས་བཟོ་དོན་དང་། | |||
| བགྲོ་གླེང་མདུན་ཅོག་གི་ལས་རིམ། - སྤྱི་ཟླ་གསུམ་པ། ༡༢, ༢༠༢༣ | 11 Mar 2023 | 00:22:12 | |
༄༅། །ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་འདི་གའི་རྩོམ་སྒྲིག་པ་རྒན་པ་རྣམ་རྒྱལ་ཤཱསྟྲི་ལགས་དང་ལྷན་དུ་༧གོང་ས་མཆོག་གིས་གསུམ་བཅིུ་དུས་དྲན་གྱི་གསུང་འཕྲིན་དང་བཀའ་སློབ་ཀྱི་རིན་ཐང་ལ་རྗེས་དྲན་དང་དེའི་གནད་འགག་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ། | |||
| ས་ཁྲའི་ནང་གི་བོད་ཞེས་པའི་ལེ་མཚན་གྱི་གལ་གནད་དང་ཕན་ཐོགས། - སྤྱི་ཟླ་གསུམ་པ། ༠༥, ༢༠༢༣ | 05 Mar 2023 | 00:25:08 | |
༄༅། །བོད་ཀྱི་མཁས་པ་བློ་བཟང་ཤེས་རབ་ལགས་ཀྱིས་ལོ་ངོ་མང་རིང་སྤྱི་ཚོགས་དྲ་ལམ་ཐོག་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་མང་ཚོགས་ལ་ངོ་སྤྲོད་གནང་ཡོད་པ་དང། དེང་སང་ཁོང་གིས་ས་ཁྲའི་ནང་གི་བོད་ཞེས་པའི་ལས་རིམ་ཐོག
་རྩ་ཆེན་ནང་པའི་གནས་ཁག་ས་ཁྲའི་ཐོག་ནས་ངོ་སྤྲོད་དང་སློབ་ཁྲིད་བྱེད་བཞིན་འདུག
| |||
| ཕྱི་སྲིད་དྲུང་ཆེའི་ལོ་གསར་འཚམས་འདྲིར་གླེང་བ། - སྤྱི་ཟླ་གཉིས་པ། ༢༧, ༢༠༢༣ | 26 Feb 2023 | 00:23:48 | |
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་དང་ལྷན་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་སྦི་ལིང་ཀིན་མཆོག་གིས་ལོ་གསར་འཚམས་འདྲིའི་གལ་གནད་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།། | |||
| བོད་ནང་གི་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པའི་གནས་སྟངས་དང་མཇུག་འབྲས། - སྤྱི་ཟླ་གཉིས་པ། ༡༩, ༢༠༢༣ | 18 Feb 2023 | 00:22:38 | |
༄༅། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཁྲོད་ནས་རིགས་རྫས་བཙན་བཤེད་ཀྱི་བསྡུ་རུབ་བྱེད་བཞིན་པ། གཟའ་འཁོར་འདིའི་ལས་རིམ་ནང་རིགས་རྫས་ཞེས་པ་དེའི་གོ་དོན་དང། དེའི་བྱེད་ལས། །གལ་གནད་བཅས་དང། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་སོགས་ཀྱི་ཐད་ལ་གླེང་མོལ་ཞུ་ཡི་རེད། | |||
| དྲྭ་ཐོག་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནམ་མཁན་བེ་རི་རྒྱལ་སྲས་དང་གླེང་མོལ། - སྤྱི་ཟླ་གཉིས་པ། ༡༢, ༢༠༢༣ | 12 Feb 2023 | 00:27:58 | |
དགེ་བཤེས་བེ་རི་རྒྱལ་སྲས་ལགས་ཀྱིས་དྲྭ་རྒྱའི་བརྒྱུད་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་ཡོད་ཅིང་། ད་རིང་གི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ཁོང་གིས་་དྲྭ་ཐོག་སྐད་ཡིག་སློབ་ཁྲིད་གནང་སྟངས་དང་། ལྷག་པར་དུ་དྲྭ་རྒྱའི་བརྒྱུད་ལམ་གྱི་ནུས་པ་དང་དུས་ཚོད་དང་མཐུན་པའི་ཐབས་ཇུས་བརྟེན་དགོས་པའི་གནད་འགག་སྐོར་ལ་གླེང་མོལ་ཞུས་ཡོད། | |||
| དགུང་སེང་འགྲོ་ཡུལ་མེད་པའི་སློབ་ཕྲུག་ཚོར་དམིགས་པའི་ལས་འཆར་གྱི་ཁེ་ཕན། - སྤྱི་ཟླ་གཉིས་པ། ༠༥, ༢༠༢༣ | 05 Feb 2023 | 00:22:28 | |
འདས་པའི་ལོ་ངོ་མང་པོའི་རིང་བལ་ཡུལ་རྒྱལ་ས་ཀཐ་མ་ཊུ་དང། པོཀ་ར་ ས་གནས་སུ་ཡོད་པའི་བོད་ཁྱིམ་སློབ་ཟུར་ཚོགས་པས་བོད་ཁྱིམ་སློབ་གྲྭའི་ནང་དགུན་ཁའི་དགུང་སེང་འགྲོ་ཡུལ་མེད་པ་ཚོ་བལ་ཡུལ་ལ་དགུང་སེང་ལེན་རྒྱུའི་ལས་འཆར་གཉེར་གྱི་ཡོད་བཞིན་འདི་ལོ་ཡང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་མང་པོ་ཞིག་ལས་འཆར་འདིའི་ནང་མཉམ་བཞུགས་ཐུབ་འདུག | |||
© My Podcast Data · Independent project · Data from Apple & Spotify