Retour
Explorez tous les épisodes du podcast SBS Tibetan - SBS བོད་སྐད་སྡེ་ཚན།
Plongez dans la liste complète des épisodes de SBS Tibetan - SBS བོད་སྐད་སྡེ་ཚན།. Chaque épisode est catalogué accompagné de descriptions détaillées, ce qui facilite la recherche et l'exploration de sujets spécifiques. Suivez tous les épisodes de votre podcast préféré et ne manquez aucun contenu pertinent.
| Titre | Date | Durée | |
|---|---|---|---|
| ༄༅། །རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་བཞི་པར་རྒྱལ་ས་ཁེན་བྷེ་རར་ལྷན་འཛོམས་བོད་མིའི་ངོ་རྒོལ་དང་འབྲེལ་བའི་བཅར་འདྲི། Cummunity Interview | 03 sept. 2026 | 00:11:48 | |
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་༨ ཚེས་ ༢༠ ཉིན་ཨོ་སི་ཊེ་ལི་ཡར་གནས་སྡོད་བོད་མི་ཡོངས་ཀྱི་སྐུ་ཚབ་ཚོས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་བཞི་པ་དང་བསྟུན་ནས་རྒྱལ་ས་ཁེན་བྷེ་རར་ལྷན་འཛོམས་ཀྱིས་ཁོང་ལ་གུས་འདུད་དང་སྦྲགས་རྒྱ་གཞུང་གི་མི་རིགས་གཅིག་མཐུན་གྱི་རྩ་ཁྲིམས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་རྒྱལ་ཞེན་ལྷག་བསམ་ཆེན་པོས་མཉམ་ཞུགས་གནང་མཁན་ཀུན་བདེ་གླིང་པ་སངས་ལགས་དང་བསྟན་འཛིན་མིག་དམར་ལགས་གཉིས་ལ་ཆེད་དུ་ད་ཐེངས་ཀྱི་ལས་འགུལ་དེའི་དགོས་འདུན་དང་། འབོད་ཚིག། ད་ག་ནང་བཞིན་རྣམ་པ་སོགས་ཀྱི་གལ་འགངས་དང་དེ་བཞིན་ཁོང་རྣམ་པ་སྒེར་གྱི་ངོས་ནས་ད་རེས་ཀྱི་ལས་འགུལ་དེའི་སྐབས་དམིགས་བསལ་གྱི་ཚོར་སྣང་ཅི་ཞིག་བྱུང་བ་དང་། ལས་འགུལ་དེས་ཐོག་མའི་རེ་བ་དང་འཆར་གཞི་ནང་བཞིན་གྱི་གྲུབ་འབྲས་ཐོན་ཡོད་མེད། ཞར་ལ་རང་ཉི་དཀྱི་ཞེན་སྐུལ་གྱི་རེ་ཚིག་སོགས་ལ་བཅར་འདྲི་ཞུས་པར་གསན་རོགས། | |||
| Bonus Practice: #118 Losing a job (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༡༨། ལས་ཀ་ཤོར་བ། ༼གནས་ཚད་བར་མ།༽ learn English | 02 sept. 2026 | 00:04:24 | |
Practise speaking the dialogue from episode #118 Losing a job (Med). - ཨིན་སྐད་སྦྱོང་བརྡར་ཨང་། ༡༡༨། ལས་ཀ་ཤོར་བ། ཞེས་པའི་སྐབས་ཀྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས། Find the full episode, learning notes and more free resources at SBS Learn English. - Find the full episode, learning notes and more free resources at SBS Learn English. | |||
| #118 Losing a job (Med) - ༄༅།།ཨིན་སྐད་སྦྱོང་བརྡར་ཨང་། ༡༡༨། ལས་ཀ་ཤོར་བ། ༼གནས་ཚད་བར་མ།༽ | 02 sept. 2026 | 00:12:04 | |
Learn English for talking about losing your job. Practise ways to explain workplace changes and sympathetic responses to someone who has had bad news. - ལས་ཀ་ཤོར་བའི་སྐོར་ལ་སྐད་ཆ་ཤོད་པར་ཕན་ཐོགས་ཆེ་བའི་ཨིན་སྐད་སློབ་སྦྱོང་བྱེད་པ་དང་འབྲེལ། ལས་ཀའི་འགྱུར་བ་འགྲེལ་བཤད་བྱེད་སྟངས་དང་མི་ཞིག་ལ་གནས་ཚུལ་ངན་པ་བྱུང་སྐབས་སེམས་གསོ་དང་རྒྱབ་སྐྱོར་བྱེད་སྟངས་སོགས་ཀྱི་སྐོར་གྱི་ཚིག་སྦྱོར་སྦྱོང་བརྡར་བྱོས། Keep practising the phrases from this episode and test what you’ve learned with our quiz here. - Keep practising the phrases from this episode and test what you’ve learned with our quiz here. | |||
| Prostate cancer in Australia: Testing, treatment and support - ཨོ་སི་ཊི་རེ་ལི་ཡའི་ནང་གི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཀྱི་བརྟག་དཔྱད་དང་བཅོས་ཐབས་རོགས་རམ་བཅས་ཀྱི་སྐོར། Australia Explained | 02 sept. 2026 | 00:11:29 | |
About one in five Australian men will be diagnosed with prostate cancer in their lifetime. Understanding the prostate, your risk and the options for testing can help with early detection and treatment. In this episode of Australia Explained, learn about prostate cancer, PSA testing, treatment and support. - ཨོ་སི་ཊེ་ལི་ཡའི་སྐྱེས་པ་ལྔ་ཡི་ནང་ནས་གཅིག་ལ་ཁུ་བཅུད་རྨེན་བུའི་འབྲས་ནད་ཕོག་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། སྐྱེས་ཕོའི་ཁུ་བཅུད་རྨེན་བུར་ཉེན་ཁ་དང་། བརྟག་དཔྱད་ཀྱི་འདམས་ཀ་རྣམས་ཤེས་རྟོགས་བྱས་ན་སྔོན་འགོག་དང་སྨན་བཅོས་བྱ་རྒྱུར་ཕན་ཐོགས་ཡོད། ཨོ་སི་ཊེ་ལི་ཡ་འགྲེལ་བཤད་ཀྱི་ལས་རིམ་འདིའི་ནང་དུ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཀྱི་བརྟག་དཔྱད་དང་སྨན་བཅོས་འབྲེལ་ཡོད་རོགས་སྐྱོར་ཅི་ཡོད་པའི་སྐོར་ཤེས་རྟོགས་བྱ་རྒྱུ་ཡིན། | |||
| ༄༅། །བལ་བོད་ས་མཚམས་ཀྱི་ཆུ་ལོག་གི་གོད་ཆག་དང་འབྲེལ་བའི་བཅར་འདྲི། Community interview | 02 sept. 2026 | 00:14:26 | |
ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་ལང་ཐང་ལི་རུང་གི་ཉེ་འགྲམ་དུ་མཐོ་སྒང་གི་འཁྱགས་རོམ་ཞིག་གློ་བུར་དུ་ཞིག་པ་དེས། བོད་དང་བལ་ཡུལ་གྱི་ས་མཚམས་སུ་ཧ་ཅང་ཛ་དྲག་ཆེ་བའི་ཆུ་ལོག་གི་གོད་ཆག་གི་གནོད་སྐྱོན་ཆེན་པོ་བྱུང་བ་ལས་ད་ཆ་འདས་གྲོང་སུ་ཕྱིན་པའི་མི་གྲངས་༤༨༦ ལ་འཕར་ཡོད་པ་དང་ མི་ ༢༤༧༨ ལྷག་གར་སོང་ཆ་མེད་དུ་གྱུར་བ་དེའི་ནང་ཨོ་སི་ཊེ་ལི་ཡའི་ཡུལ་མི་ ༤༡ ཙམ་ཚུད་ཡོད་པའི་གཏམ་ངན་དང་འབྲེལ་ཨེ་སི་བྷི་ཨེ་སི་བོད་སྐད་ཚན་པས་རྐྱེན་ངན་དེའི་དབང་གིས་སེམས་ངལ་དང་དཀའ་སྡུག་གིས་མནར་བའི་གནས་སྡོད་ཡུལ་མིས་གཙོས་འབྲེལ་ཡོད་ཚང་མར་སྙིང་དབུས་ནས་གདུང་སེམས་མཉམ་སྐྱེའི་སྨོན་ལམ་གྲངས་མེད་ཞུ་བ་དང་བཅས། འདི་གའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་འཕྲིན་ལས་ལགས་དང་། སྐྱིད་གྲོང་་་་ནས་ཡིན་པའི་ཨ་ཅག་བཀྲ་ཤིས་ཆོས་འཛོམས་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་་་་པ་དང་ཡང་སྒོས་ཡུན་རིང་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་བཅས་ལ་བར་སྐབས་ཀྱི་གོད་ཆག་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པ་གསན་རོགས།། | |||
| ༄༅། །བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་ཚབས་ཆེན་ནང་གར་སོང་ཆ་མེད་དུ་གྱུར་བའི་ཁྲོད་ཨོ་སི་ཊེ་ལི་ཡའི་མི་༣༥ ཙམ་ཡོད་པ། | 02 sept. 2026 | 00:05:05 | |
ཉེ་དུས་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་བྱུང་བའི་ཆུ་ལོག་དྲག་པོ་དེའི་རྗེས་སུ་ཉུང་མཐར་མི་གྲངས་ ༡༦༠ ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཨོ་སི་ཊེ་ལི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་ ༣༤ ཚུད་པའི་མི་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། | |||
| How can my child learn about Indigenous Australia? - ཁྱེད་རང་གི་ཕྲུ་གུར་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་སྐོར་སློབ་ཚུལ། Australia Explained | 26 août 2026 | 00:07:31 | |
Supporting your child’s connection with the world’s oldest continuing living culture is one of the greatest gifts you can offer them while raising them in Australia. But if you’re new to the country, you may be unsure where to begin. Here are some starting points and ideas to help you and your child learn about Aboriginal and Torres Strait Islander peoples, cultures and history. - ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་ཀྱི་ཕྲུ་གུ་གསོ་སྐྱོང་བྱེད་སྐབས། འཛམ་གླིང་གི་འཚོ་གནས་བྱེད་བཞིན་པའི་རིག་གཞུང་རྙིང་ཤོས་དང་འབྲེལ་བ་བཙུགས་རྒྱུ་ནི་ཁྱེད་ཀྱིས་སྤྲོད་ཐུབ་པའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན། འོན་ཀྱང་། གལ་ཏེ་ཁྱེད་རང་རྒྱལ་ཁབ་འདིར་གསར་དུ་འབྱོར་ཡོད་ན། ག་ནས་འགོ་འཛུགས་དགོས་མིན་ཐད་ལ་ངེས་པ་མེད་པ་ཡོང་སྲིད། འདིར་ཁྱེད་རང་དང་ཁྱེད་ཀྱི་ཕྲུ་གུ་གཉིས་ཀྱིས་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་དམངས་དང་། རིག་གཞུང་། ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་པར་རོགས་རམ་དང་བསམ་འཆར་འགའ་ཤས་ཡོད། | |||
| ༄༅། །སན་ཊར་ལིང་ངམ་དབུས་འབྲེལ་ཐག་ཁང་གི་རོགས་དངུལ་གྱི་འཕར་ཆ། News | 26 août 2026 | 00:06:09 | |
ཨོ་སི་ཊེ་ལི་ཡའི་གཞུང་གི་རོགས་དངུལ་ཐོབ་མཁན་ཡུལ་མི་ས་ཡ་མང་པོ་ཞིག་ལ་བདུན་གཉིས་རེའི་ཐོབ་ཆའི་ཚད་གཞི་ལ་འགྱུར་བ་འགྲོ་བཞིན་ཡོད། | |||
| Birth and pregnancy care options in Australia - ཨོ་སི་ཊེ་ལི་ཡའི་ནང་མངལ་སྦྲུམ་དང་བྱིས་པ་བཙའ་རྒྱུའི་གསོ་བཅོས་འདམས་ཀ།། | 19 août 2026 | 00:09:36 | |
If you're first-time parents in Australia, choosing where and how to give birth can feel overwhelming. Whether you go through the public or private health system, it is important to understand your options and know where to reach out for advice to make the right decision for you and your baby. - གལ་ཏེ་ཁྱེད་རང་གསར་དུ་ཕ་མ་ཆགས་རྒྱུ་ཡིན་ན། ཕྲུ་གུ་སྐྱེ་ས་དང་སྐྱེ་སྟངས་འདེམས་རྒྱུ་སོགས་ནི་ཚོར་སྣང་ཡ་མཚན་ཅན་ཞིག་ཏུ་སྣང་སྲིད། དེར་བརྟེན་སྤྱི་པའི་འཕྲོད་བསྟེན་མ་ལག་གམ་སྒེར་གྱི་འཕྲོད་བསྟེན་མ་ལག་གང་ཞིག་བརྒྱུད་ནའང་། རང་ཉིད་དང་ཕྲུ་གུ་གཉིས་ཀར་འཚམ་པའི་ཐག་གཅོད་ཡག་པོ་བྱེད་པར་ཁྱེད་རང་གི་འདེམས་ཀ་དང་གྲོས་འདྲི་བྱེད་ས་ཤེས་རྟོགས་བྱ་རྒྱུ་གལ་ཆེན་པོ་རེད། | |||
| Bonus Practice: #117 Borrowing books at the library (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༡༧། དཔེ་མཛོད་ཁང་ནས་དཔེ་དེབ་གཡར་བ། ༼གནས་ཚད་བར་མ།༽ | 19 août 2026 | 00:04:29 | |
Practise speaking the dialogue from episode #117 Borrowing books at the library (Med). - ཨིན་སྐད་སྦྱོང་བརྡར་ཨང་། ༡༡༧། དཔེ་མཛོད་ཁང་ནས་དཔེ་དེབ་གཡར་བ། ཞེས་པའི་སྐབས་ཀྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས། Find the full episode, learning notes and more free resources at SBS Learn English. - Find the full episode, learning notes and more free resources at SBS Learn English. | |||
| #117 Borrowing books at the library (Med) - ༄༅།།ཨིན་སྐད་སྦྱོང་བརྡར་ཨང་། ༡༡༧། དཔེ་མཛོད་ཁང་ནས་དཔེ་དེབ་གཡར་བ།༼གནས་ཚད་བར་མ།༽ | 19 août 2026 | 00:15:21 | |
Learn English useful for visiting a library. Practise everyday phrases for returning borrowed items, asking about late fees and due dates, renewing items, reserving titles, and using the library catalogue. - དཔེ་མཛོད་ཁང་ཞིག་ལ་འགྲོ་བར་ཕན་ཐོགས་ཆེ་བའི་ཨིན་སྐད་སློབ་སྦྱོང་བྱེད་པ་དང་འབྲེལ། རྒྱུན་དུ་དེབ་རིགས་གང་གཡར་བ་དག་ཕྱིར་སློག་བྱེད་པ་དང་། འགྱངས་འགྱུར་གྱི་གླ་ཆ་དང་དུས་ཚོད་འདྲི་བ། གཡར་དུས་བསྐྱར་གསོ་བྱེད་པ། མཚན་བྱང་བྱེད་བྲག་ཅིག་ཟུར་བཅད་བྱེད་པ། དཔེ་མཛོད་ཀྱི་དཀར་ཆག་བེད་སྤྱོད་བྱེད་པ་སོགས་ཀྱི་སྐོར་གྱི་ཚིག་སྦྱོར་སྦྱོང་བརྡར་བྱོས། Keep practising the phrases from this episode and test what you’ve learned with our quiz here. - Keep practising the phrases from this episode and test what you’ve learned with our quiz here. | |||
| ༄༅། །མི་རིགས་ཀྱི་མཐུན་སྒྲིལ་ཡིན་ནམ་བཀའ་བཀོད་བྱས་པའི་རིག་གཞུང་གཅིག་གྱུར་ཡིན། | 19 août 2026 | 00:11:42 | |
རྒྱ་ནག་ནང་གི་ཁྲིམས་གསར་པ་ཞིག་གིས་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ཚོ་རྒྱ་ནག་དམར་ཤོག་ཚོགས་པ་ལ་དགའ་ཞེན་བྱེད་པར་སྐུལ་ཁྲིད་བྱེད་དགོས་པ་དང་། སློབ་གྲྭ་ཁག་གིས་གཞུང་གིས་བཀོད་སྒྲིག་བྱས་པའི་རྒྱ་ནག་གི་ལོ་རྒྱུས་སློབ་དགོས་པ། ཡུལ་མི་ཚང་མས་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ཁྱབ་སྤེལ་ལ་གནོད་པའི་བྱ་སྤྱོད་གང་ཡང་སྤེལ་མི་ཆོག་པ་བཟོས་ཡོད། ཁྲིམས་དེ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མིའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཚོར་ཁྱབ་པ་དང་བསྟུན་ནས་ཡུ་གུར་དང་བོད་པ་ལྟ་བུའི་གྲངས་ཉུང་མི་རིགས་ཚོས་ཁྲིམས་དེས་བཙན་དབང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་རྒྱུན་མཐུད་པ་དང་རྒྱ་སྐྱེད་གཏོང་བ། འཛམ་གླིང་ཁྱོན་ཡོངས་ཏུ་ཡོད་པའི་སྐྱོན་བརྗོད་པ་ཚོར་ཉེན་ཁ་བཟོ་བཞིན་ཡོད་པར་བཤད་ཡོད། | |||
| རླངས་འཁོར་གྱི་འགན་བཅོལ་གྱི་རིན་གོང་དེ་དངུལ་གྱི་ཛ་ཐང་ཉམས་པ་ལས་མྱུར་བ་འཕར་བཞིན་པའི་རྒྱུ་རྐྱེན་གང་ཡིན། News Feature | 12 août 2026 | 00:03:59 | |
ཁ་ལོ་བ་ཚོ་རང་ཉིད་ཀྱི་རླངས་འཁོར་གྱི་འགན་བཅོལ་གྱི་རིན་གོང་ཇི་ལྟར་འཕར་བཞིན་ཡོད་པ་དང་། དེ་ལ་བཅོས་ཐབས་ཅི་ཡོད་མེད་ཤེས་རྟོགས་མེད་པར་ལུས་ཡོད། | |||
| Can you pick fruit from someone's garden? - ཁྱེད་རང་གིས་གཞན་གྱི་ལྡུམ་རའི་ནང་ནས་ཤིང་ཏོག་འཐུ་ཆོག་གམ། Australia Explained | 12 août 2026 | 00:09:21 | |
Walking through an Australian suburb, you might spot everything from curry leaves and lemons to tomatoes and herbs growing in front gardens or on verges. But is it legal to pick it? This guide explains when it's legal to pick produce, why permission matters, and how community gardens offer another way to grow your own food. - ཨོ་སི་ཊེ་ལི་ཡའི་ནང་གྲོང་བརྡལ་ཁག་གི་ནང་འཆམ་འཆམ་དུ་འགྲོ་སྐབས། ཁྱེད་ཀྱིས་མདུན་གྱི་ལྡུམ་རྭ་འམ་ཡང་ན་ལམ་འགྲམ་དུ་སྒ་སྨན་དང་། ལི། སི་པན་དང་སྔོ་ཚལ་སོགས་སྐྱེ་བཞིན་པ་མཐོང་སྲིད། འོན་ཀྱང་དེ་དག་བླངས་ན་ཁྲིམས་མཐུན་ཡིན་ནམ། དེ་རིང་གི་ལམ་སྟོན་འདིས་ཁྱེད་ལ་ཤིང་འབྲས་དེའི་རིགས་ལེན་ཆོག་པའི་སྐབས་དང་། ཆོག་མཆན་གྱི་གལ་ཆེན་རང་བཞིན། དེ་བཞིན་ཚོགས་སྡེའི་ལྡུམ་རྭ་བརྒྱུད་ནས་རང་ཉིད་ཀྱི་ཤིང་འབྲས་འདེབས་ལས་བྱེད་ཐབས་གཞན་ཞིག་ངོ་སྤྲོད་བྱ་རྒྱུ་ཡིན། | |||
| Bonus Practice: #116 Visiting a vet (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༡༦། སྲོག་ཆགས་སྨན་པ་བསྟེན་པ། ༼གནས་ཚད་བར་མ།༽ | 05 août 2026 | 00:04:08 | |
Practise speaking the dialogue from episode #116 Visiting a vet (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༡༡༦། སྲོག་ཆགས་སྨན་པ་བསྟེན་པ། ༼གནས་ཚད་བར་མ།༽ ཞེས་པའི་སྐབས་ཀྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས། Find the full episode, learning notes and more free resources at SBS Learn English. - Find the full episode, learning notes and more free resources at SBS Learn English. | |||
| #116 Visiting a vet (Med) - ༄༅།། ཨིན་སྐད་སྦྱོང་བརྡར་ཨང་། ༡༡༦། སྲོག་ཆགས་སྨན་པ་བསྟེན་པ། ༼གནས་ཚད་བར་མ།༽ Learn English | 05 août 2026 | 00:14:41 | |
Learn English useful for talking about your sick pet. Practise everyday phrases for explaining when an animal is not eating, drinking, or acting normally. - རང་ཉིད་ཀྱི་གཅེས་ཉར་སྲོག་ཆགས་ནད་པར་འགྱུར་བའི་སྐོར་གླེང་བའི་ཨིན་སྐད་སློབ་སྦྱོང་བྱེད་པ་དང་འབྲེལ། རྒྱུན་དུ་ཞིམ་བུ་དང་ཁྱི་སོགས་གཅེས་ཉར་སྲོག་ཆགས་རྣམས་སྲོག་ཆགས་སྨན་པའི་སར་ཁྲིད་སྐབས་ཁོང་ཚོས་ཟས་མི་ཟ་བ་དང་། ཆུ་མི་ཐུང་བ། རྒྱུན་གཏན་དང་མི་འདྲ་བའི་སྤྱོད་ཚུལ་མངོན་པ་སོགས་འགྲེལ་བརྗོད་བྱེད་པའི་ཚིག་སྦྱོར་སྦྱོང་བརྡར་བྱོས། Keep practising the phrases from this episode and test what you’ve learned with our quiz here. - Keep practising the phrases from this episode and test what you’ve learned with our quiz here. | |||
| ༄༅། །ཕྱི་ལོ་ ༢༠༢༦ ལོའི་མི་འབོར་ཞིབ་བཤེར་གྱི་ངོ་འབག་འོག་གཞུང་ཡིག་དང་། གློག་འཕྲིན། འཕྲིན་ཐུང་བཅས་གཡོ་རྫུན་གྱི་བྱ་སྤྱོད་རྣམས་ཇི་ལྟར་ངོས་འཛིན་བྱེད་དགོས་སྐོར། News | 05 août 2026 | 00:05:27 | |
གལ་ཏེ་ཁྱེད་ལ་ཁ་པར་དང་། གློག་འཕྲིན། འཕྲིན་ཐུང་བཅས་གཞུང་ཡིག་ངོ་བོའི་ཐོག་ནས་འབྱོར་བ་དེ་ཉིད་དོན་དུ་གཞུང་ནས་བཏང་བ་ཡིན་མིན་ཐེ་ཚོམ་བྱུང་ན། དེ་དག་ལ་ལན་འདེབས་མ་བྱས་གོང་མགོ་སྐོར་མཁན་ཡིན་མིན་ཇི་ལྟར་ངོས་འཛིན་བྱེད་དགོས་མིན་གྱི་ཐབས་ཤེས་གཙོ་བོ་འགའ་ཤེས་རྟོགས་ཡོད་དགོས། | |||
| What are my rights if stopped by police in Australia? - ཨོ་སི་ཊེ་ལི་ཡའི་ནང་ཉེན་རྟོག་པ་དང་འཕྲད་སྐབས་རང་ཉིད་ཀྱི་ཐོབ་ཐང་ཅི་ཡིན་ཤེས་རྟོགས་བྱེད་པ། Australia Explained | 05 août 2026 | 00:09:46 | |
Police officers have a range of operational powers they can exercise under legislation, including to ask questions, give ‘move on’ directions and conduct searches. Here’s what you need to know about your basic rights and obligations in a police interaction. - ཉེན་རྟོག་པར་ཁྲིམས་ལུགས་འོག་དྲི་བ་འདྲི་བ་དང་། ས་ཆ་ཞིག་ནས་འགྲོ་རྒྱུའི་བཀའ་བཀོད་གཏོང་བ། འཚོལ་ཞིབ་བྱེད་པ་བཅས་ཀྱི་བྱ་སྤྱོད་སྤེལ་ཆོག་པའི་དབང་ཚད་མང་པོ་ཡོད། ཉེན་རྟོག་པ་དང་འབྲེལ་བ་བྱུང་སྐབས་ཁྱེད་ཀྱི་གཞི་རྩའི་ཐོབ་ཐང་དང་འོས་འགན་སྐོར་ལ་ཤེས་དགོས་པ་གཤམ་གསལ་ལྟར་ཡིན། | |||
| ༄༅། །ལོ་རབས་དྲུག་ཅུ་པའི་རྗེས་སུ་ཨོ་སི་ཊེ་ལི་ཡའི་ནང་སྣུམ་འདོན་བཟོ་གྲྭ་གསར་པ་ཞིག་འཛུགས་བསྐྲུན་བྱ་རྒྱུའི་འཆར་གཞི་གསར་སྒྲོག News | 29 juil. 2026 | 00:08:12 | |
སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སི་ཡིས་ནུབ་ཨོ་སི་ཊེ་ལི་ཡའི་ས་གནས་གཞུང་དང་ལྷན་དུ་ས་སྣུམ་གྱི་བཟོ་གྲྭ་ཆེན་པོ་གསར་པ་ཞིག་ལ་ཞིབ་འཇུག་བྱེད་པའི་འཆར་གཞི་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད། བཟོ་གྲྭ་འདི་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གོ་ལ་ཡོངས་ཀྱི་ནུས་རྫས་ཀྱི་དཀའ་ངལ་གྱིས་གནོད་སྐྱོན་མི་ཡོང་བའི་ཆེད་དུ་ཡིན། གལ་སྲིད་བཟོ་གྲྭ་འདི་ལེགས་གྲུབ་བྱུང་ཚེ། དེ་ནི་ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་ཨོ་སི་ཊེ་ལི་ཡ་ནང་འཛུགས་བསྐྲུན་བྱས་པའི་ས་སྣུམ་བཟོ་གྲྭ་ཆེན་པོ་གསར་ཤོས་དེ་ཆགས་རྒྱུ་རེད། འདི་ནི་བདུན་མཇུག་ལ་མཇུག་རྫོགས་རྒྱུ་ཡིན་པའི་སྣུམ་གྱི་དཔྱ་ཁྲལ་ཆག་ཡང་གི་དུས་ཚོད་མཇུག་རྫོགས་ལ་ཉེ་བ་དང་སྐབས་ཁེལ་ཡོད། | |||
| What is the Garma Festival and why is it important? - གྷར་མ་དུས་སྟོན་དང་དེའི་གལ་གནད། Australia Explained | 29 juil. 2026 | 00:08:07 | |
The Garma Festival is Australia’s largest Indigenous cultural gathering where thousands of people travel to a remote town in Nhulunbuy on northeast Arnhem Land in the Northern Territory. Here's what happens at Garma and who can attend. - གྷར་མ་དུས་སྟོན་ནི་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་ཀྱི་རིག་གཞུང་གི་འདུ་འཛོམས་ཆེ་ཤོས་དེ་ཡིན་ཞིང་། དུས་སྟོན་དེའི་ཕྱིར་བྱང་ཕྱོགས་མངའ་ཁུལ་གྱི་ནུ་ལུན་བྷ་ཡི་གྲོང་བརྡལ་གྱི་བྱང་ཤར་ཨར་ནེམ་ཡུལ་ཞེས་པའི་ས་ཁུག་ཅིག་ཏུ་མི་དམངས་སྟོང་ཚོ་མང་པོ་འཛོམས་ཀྱི་ཡོད་། འདིར་ང་ཚོས་གྷར་མ་འི་དུས་སྟོན་གྱི་བྱུང་བ་དང་སུ་ཞིག་ཆ་ཤས་ལེན་ཐུབ་མིན་སོགས་བསྟན་ཡོད། | |||
| ༄༅། །རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དལ་དུ་འགྲོ་བཞིན་པའི་རྟགས་མཚན་དང་དཀྱིལ་ཤར་གྱི་རྩོད་རྙོག་གིས་མ་རྩ་འཇོག་མཁན་ཚོར་སེམས་ཁྲལ་སློང་བཞིན་པ། News | 22 juil. 2026 | 00:05:22 | |
འཛམ་གླིང་གི་འཕོ་འགྱུར་ཆེན་པོ་དེ་དག་གིས་སླར་ཡང་བདུན་ཕྲག་གཅིག་ཨོ་སི་ཊེ་ལི་ཡའི་ཁྲོམ་རར་ཤུགས་རྐྱེན་བཟོས་ཕོགས་ཡོད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དལ་དུ་འགྲོ་བཞིན་པའི་རྟགས་མཚན་དང་དཀྱིལ་ཤར་དུ་རྩོད་རྙོག་བསྐྱར་ལོག་བྱུང་བ་དེས་ཐོག་མར་ཞབས་ཞུའི་ཐད་མི་མང་ལ་རེ་བ་ཆེན་པོ་བསྐྲུན་ཐུབ་མཁན་གྱི་སི་པེ་སི་ཨེག་སི་བརྡ་འཕྲུལ་བཟོ་ལས་ཁང་གི་མཉམ་ལས་མ་འཇོག་ནུས་པ་མགྱོགས་པོར་ལྷུང་བཅུག་པ་དེས་མ་མ་འཇོག་པ་ཚོར་སེམས་ཁྲལ་ཆེན་པོ་བཟོས་ཡོད། | |||
| When can my teenager start work in Australia? - ཨོ་སི་ཊེ་ལི་ཡའི་ནང་ལོ་ཆུང་ཚོས་ལས་ཀ་བྱེད་ཕྱོགས་ཀྱི་སྒྲིག་ཁྲིམས། Australia Explained | 22 juil. 2026 | 00:08:49 | |
Teenagers in Australia can undertake paid work under certain restrictions, with general employment rights also protecting young workers. Here’s what you need to know as a parent or guardian of a worker under 18. - ཨོ་སི་ཊེ་ལི་ཡའི་ནང་ན་གཞོན་ཚོས་སྒྲིག་གཞི་ཁ་ཤས་ལ་བརྩི་སྲུང་ཡོད་ཐོག་གླ་ཡོད་ལས་ཀ་བྱེད་ཆོག་གི་ཡོད་པ་མ་ཟད་ལས་ཀ་བྱེད་མཁན་གྱི་ཐོབ་ཐང་བཅའ་ཁྲིམས་ཁག་གི་འོག་ལོ་ན་༡༨ མན་གྱི་ལས་མི་གཞོན་པ་ཚོར་སྲུང་སྐྱོབ་ཡོད། གལ་ཏེ་ཁྱེད་རང་གི་ལྟ་སྐྱོང་འོག་ཡོད་པའི་ལོ་ན་ ༡༨ མན་གྱི་རང་གི་བྱིས་པའམ་སྤུན་ཉེ་སོགས་ལས་ཀ་བྱེད་ཀྱི་ཡོད་ན་ཤེས་དགོས་པའི་གནད་དོན་འགའ་ཡོད་པ་ནི། | |||
| Bonus Practice: #115 Working on the side (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༡༥། ཞོར་ལས་སྐོར་གླེང་བ། ༼གནས་ཚད་བར་མ།༽ Learn English | 22 juil. 2026 | 00:04:04 | |
Practise speaking the dialogue from episode #115 Working on the side. - ཨིན་སྐད་སྦྱོང་བརྡར་ཨང་། ཨིན་སྐད་སྦྱོང་བརྡར་ཨང་། ༡༡༥། ཞོར་ལས་སྐོར་གླེང་བ། ཞེས་པའི་སྐབས་ཀྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས། Find the full episode, learning notes and more free resources at SBS Learn English. - Find the full episode, learning notes and more free resources at SBS Learn English. | |||
| #115 Working on the side (Med) - ༄༅།།ཨིན་སྐད་སྦྱོང་བརྡར་ཨང་། ༡༡༥། ཞོར་ལས་སྐོར་གླེང་བ། ༼གནས་ཚད་བར་མ།༽ Learn English | 22 juil. 2026 | 00:11:30 | |
Learn English useful for talking about side hustles and earning extra income. Practise everyday phrases for describing additional work, managing responsibilities, and talking about money. - ཞོར་ལས་དང་ཡོང་འབབ་འཕར་མ་གསོག་པའི་སྐོར་ལ་གླེང་བའི་ཨིན་སྐད་སློབ་སྦྱོང་བྱེད་པ་དང་འབྲེལ། རྒྱུན་དུ་ལས་ཀ་འཕར་མ་དང་། འགན་འཁུར། དེ་བཞིན་ཡོང་འབབ་སྐོར་སོགས་འགྲེལ་བརྗོད་བྱེད་པའི་ཚིག་སྦྱོར་སྦྱོང་བརྡར་བྱོས། Keep practising the phrases from this episode and test what you’ve learned with our quiz here. - Keep practising the phrases from this episode and test what you’ve learned with our quiz here. | |||
| འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་ཉིན་རེའི་གསར་འགྱུར་གནད་བསྡུས། ༼སི་པན་གྱིས་འཛམ་གླིང་རྐང་རྩེད་སྤོ་ལོའི་ཡང་མཐའི་འགྲན་རྩེད་པའི་གོ་ས་བླངས།༽News | 15 juil. 2026 | 00:05:40 | |
འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་སུམ་བཅུ་སོ་བཞི་པར་སེ་པན་གྱིས་སྤོ་ལོ་ ༢-༠ བྱས་ཏེ་ཧྤ་རན་སི་ནས་རྒྱལ་ཁ་བླངས་ཏེ་འཛམ་གླིང་རྐང་རྩེད་སྤོ་ལོའི་ཡང་མཐའི་འགྲན་རྩེད་པའི་གོ་ས་བླངས་ཡོད། ཧྤ་རན་སིའི་ལི་སི་བྷ་ལ་སི་ཡིས་དེ་སྔ་ལྟར་ཐེངས་གསུམ་པར་རྒྱལ་ཁའི་གསེར་བུམ་སྟེགས་རྒྱུའི་སྨི་ལམ་མེད་པར་གྱུར་དེ་ད་ཆ་ཁོང་ཚོའི་དམིགས་ཕྱོགས་དེ་རེས་གཟའ་སྤེན་པར་ཨང་རིམ་གསུམ་པའི་འགྲན་བསྡུར་ལ་བསྒྱུར་ཡོད། | |||
| "ཝ་ཡེ་ཕོ་གསར་ང་ལ་དངུལ་སྤྲོད་ཤོག"ཟེར་བའི་དྲ་ཐོག་འཕྲིན་ཐུང་གིས་ཨོ་སི་ཊེ་ལི་ཡའི་ཕོ་གཞོན་ཚོར་འཕྲད་བཞིན་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས། News | 15 juil. 2026 | 00:05:06 | |
ཕོ་གཞོན་དང་བྱིས་པ་ཚོ་རང་གི་སྒེར་གྱི་པར་རིས་བགོ་འགྲེམས་བྱེད་དུ་འཇུག་པ་དང་དེ་ནས་ནག་ཚོང་དྲ་རྒྱ་ཁག་གིས་བསུན་གཙེར་བྱེད་ཀྱི་ཡོད། | |||
| ༄༅། །ཨ་རི་དང་ཨི་རན་གྱི་དམག་འཁྲུག་བསྐྱར་དུ་ལངས་ན་ཨོ་སི་ཊེ་ལི་ཡ་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་ཀྱི་ཡོད་དམ། News | 15 juil. 2026 | 00:04:47 | |
གལ་ཏེ་ཨ་རི་དང་ཨི་རན་གྱི་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལ་མུ་མཐུད་འགོག་རྐྱེན་བྱུང་ནས་འཐབ་འཁྲུག་སླར་ཡང་ཤུགས་ཆེ་རུ་ཕྱིན་ཚེ་ཨོ་སི་ཊེ་ལི་ཡ་ལ་ཁྱད་པར་གང་ཡོང་གི་ཡོད་དམ། | |||
| What are the rules for taking photos in Australia? - ཨོ་སི་ཊི་ལི་ཡའི་ནང་པར་རྒྱག་རྒྱུའི་སྒྲིག་གཞི་གང་དག་ཡོད་དམ། Australia Explained | 15 juil. 2026 | 00:09:25 | |
Whether you’re new to taking photographs, a social media content creator or a professional photographer, it’s important to be aware of where you can and can’t take photographs. Here’s what to consider before you take that perfect photograph, legally. - གལ་ཏེ་ཁྱེད་རང་པར་ལེན་གྱི་ལས་ལ་གསར་དུ་ཞུགས་མཁན་ཞིག་ཡིན་པ་འམ། སྤྱི་ཚོགས་བརྒྱུད་ལམ་གྱི་ནང་དོན་བཟོ་མཁན་ཞིག་གམ། ཡང་ན་ཆེད་ལས་པར་པ་ཞིག་ཡིན་ནའང་། པར་ལེན་ཆོག་པའི་ས་ཆ་དང་མི་ཆོག་པའི་ས་ཆ་གང་ཡིན་ཤེས་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ནི་ཁྲིམས་མཐུན་གྱི་ཐོག་ནས་པར་ཡག་པོ་ཞིག་ལེན་པའི་སྔོན་ལ་བསམ་གཞིགས་བྱ་དགོས་པའི་གནད་དོན་ཞིག་རེད། | |||
| ༄༅། །ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་སུ་ཊེལ་སི་ཊྲའི་བརྡ་རྟགས་ལ་སྐྱོན་ཚབས་ཆེན་པོ་བྱུང་བས་ཝིག་ཊེ་རི་ཡའི་ས་ཁུལ་གྱི་མེ་འཁོར་དྲྭ་རྒྱར་འཐུས་ཤོར་བྱུང་བ། News | 08 juil. 2026 | 00:04:21 | |
ཊེལ་སི་ཊྲ་ཡིས་ལག་ཐོགས་ཁ་པར་དང་དྲྭརྒྱའི་ཞབས་ཞུ་རྣམས་ལ་དཀའ་ངལ་འཕྲད་བཞིན་པར་བལྟ་ཞིབ་བྱེད་བཞིན་ཡོད་པར་བརྗོད། | |||
| ༄༅། །ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་སུ་ཊེལ་སི་ཊྲའི་བརྡ་རྟགས་ལ་སྐྱོན་ཚབས་ཆེན་པོ་བྱུང་བས་ཝིག་ཊེ་རི་ཡའི་ས་ཁུལ་གྱི་མེ་འཁོར་དྲྭ་རྒྱར་འཐུས་ཤོར་བྱུང་བ། News | 08 juil. 2026 | 00:04:21 | |
ཊེལ་སི་ཊྲ་ཡིས་ལག་ཐོགས་ཁ་པར་དང་དྲྭ་རྒྱའི་ཞབས་ཞུ་རྣམས་ལ་དཀའ་ངལ་འཕྲད་བཞིན་པར་བལྟ་ཞིབ་བྱེད་བཞིན་ཡོད་པར་བརྗོད། | |||
| འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་རེའི་གསར་འགྱུར་གནད་བསྡུས། ཉིན་ཉི་ཤུ་རྩ་བདུན་པ།༼ ཨར་ཇིན་ཊི་ན་དང་སུད་སི་ལན་ཌི་གཉིས་པོས་རྩེད་འགྲན་གྱི་མཐུན་བསྐྱོད་འགྲན་ཞུགས་པ་བརྒྱད་ཀྱི་ནང་གོ་གནས་བླངས།༽ | 08 juil. 2026 | 00:04:18 | |
འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་ཉི་ཤུ་རྩ་བདུན་པར་ཨར་ཇིན་ཊི་ན་ཡིས་ཨི་ཇིབ་ཊི་ལས་སླར་གསོའི་རྒྱལ་ཁ་བླངས་པ་དང་སུད་ཛར་ལན་ཌི་ཡིས་མཐའ་མར་དངངས་སྐྲག་ཆེ་བའི་གནས་སྟངས་འོག་ཐག་གཅོད་སྤོ་ལོ་བླུགས་ནས་བདུན་བསྐྱོད་རུ་ཁག་བཞི་པོ་སུ་ཡིན་ཐག་གཅོད་བྱུང་སོང་། | |||
| 2026 Census: What you need to know to ensure you’re counted - ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༨ ཚེས་ ༡༡ ཉིན་གྱི་མི་འབོར་ཞིབ་བཤེར་ནང་རྩིས་བཤེར་ཡོང་བར་དགོས་ངེས་ཀྱི་ཤེས་བྱ། Australia Explained | 08 juil. 2026 | 00:08:47 | |
The 2026 Census is on Tuesday 11 August and every person in Australia on this night must be counted. Census data is used to understand where we live, the languages we use at home (including Auslan), the support we need and how Australia is changing as a nation. Being counted helps ensure your community, culture and beliefs are represented. Here’s what you need to know about completing the Census for your household. - ཕྱི་ལོ་ ༢༠༢༦ ལོའི་མི་འབོར་ཞིབ་བཤེར་དེ་རེས་གཟའ་མིག་དམར་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ཡིན་པ་དང་། ཉིན་དེའི་མཚན་མོར་ཨོ་སི་ཊེ་ལི་ཡའི་ནང་གནས་སྡོད་བྱེད་བཞིན་པའི་མི་ཚང་མ་རྩིས་བཤེར་བྱེད་དགོས། མི་འབོར་ཞིབ་བཤེར་གྱི་གནས་ཚུལ་དེ་མི་རྣམས་གང་དུ་གནས་སྡོད་བྱེད་ཀྱི་ཡོད་མེད་དང་། ཁྱིམ་ནང་སྤྱོད་བཞིན་པའི་སྐད་ཡིག (ལག་བརྡ་ཡང་ཚུད་ཡོད) སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་རྒྱབ་སྐྱོར་གྱི་རིགས། དེ་བཞིན་ཨོ་སི་ཊེ་ལི་ཡ་རྒྱལ་ཁབ་ཀྱི་འགྱུར་བ་ཇི་ལྟར་འགྲོ་བཞིན་ཡོད་མེད་བཅས་ཤེས་རྟོགས་བྱེད་པར་བེད་སྤྱོད་གཏོང་གི་ཡོད། རང་ཉིད་དང་རང་ཉིད་ཀྱི་ཚོགས་སྡེ་ཁག་རྩིས་བཤེར་བྱས་པ་ཡིན་ན། རང་ཉིད་ཀྱི་སྤྱི་ཚོགས་དང་རིག་གཞུང་མཚོན་ཐུབ་པར་ཕན་ཐོགས་ཡོད། གཤམ་དུ་ཁྱེད་རང་དང་ཁྱེད་རང་གི་ཁྱིམ་ཚང་མི་འབོར་ཞིབ་བཤེར་ནང་རྩིས་བཤེར་ཡོང་བར་དགོས་ངེས་ཀྱི་ཤེས་བྱ་རྣམས་འཁོད་ཡོད། | |||
| Bonus Practice: #114 Talking about the Census and data security (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༡༤། མི་འབོར་ཞིབ་བཤེར་དང་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་སྐོར་གླེང་བ། ༼གནས་ཚད་བར་མ།༽ Learn English | 08 juil. 2026 | 00:03:54 | |
Practise speaking the dialogue from episode #114 Talking about the Census and data security. - ཨིན་སྐད་སྦྱོང་བརྡར་ཨང་། ༡༡༤།མི་འབོར་ཞིབ་བཤེར་དང་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་སྐོར་གླེང་བ། ཞེས་པའི་སྐབས་ཀྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས། Find the full episode, learning notes and more free resources at SBS Learn English. - Find the full episode, learning notes and more free resources at SBS Learn English. | |||
| #114 Talking about the Census and data security (Med) - ༄༅།།ཨིན་སྐད་སྦྱོང་བརྡར་ཨང་། ༡༡༤། མི་འབོར་ཞིབ་བཤེར་དང་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་སྐོར་གླེང་བ།༼གནས་ཚད་བར་མ།༽ Learn English | 08 juil. 2026 | 00:11:36 | |
Learn English useful for talking about the Census, data security, and protecting personal information. Practise everyday phrases for expressing concern, explaining risks, and talking about how data is kept safe. - མི་འབོར་ཞིབ་བཤེར་དང་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་སོགས་ཀྱི་སྐོར་གླེང་བའི་ཨིན་སྐད་སློབ་སྦྱོང་བྱེད་པ་དང་འབྲེལ། རྒྱུན་དུ་མི་འབོར་ཞིབ་བཤེར་སོགས་ཀྱི་སྐབས་རང་གི་གནས་ཚུལ་ཕྱིར་གྱར་གྱི་སེམས་ཁྲལ་དང་། ནང་དོན་སྲུང་སྐྱོབ་དང་ཉར་ཚགས་བྱེད་ཚུལ་སོགས་འགྲེལ་བརྗོད་བྱེད་པའི་ཚིག་སྦྱོར་སྦྱོང་བརྡར་བྱོས། Keep practising the phrases from this episode and test what you’ve learned with our quiz here. - Keep practising the phrases from this episode and test what you’ve learned with our quiz here. | |||
| འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་ཉིན་རེའི་གསར་འགྱུར་གནད་བསྡུས། ༼ མེག་སི་ཀོའི་རུ་ཁག་གིས་རང་ཉིད་ལ་དགའ་ཞེན་ཆེ་བའི་ལྟད་མོ་བ་ཚོའི་མདུན་དུ་རིམ་པ་བཅུ་དྲུག་པའི་འགྲན་ཞུགས་པའི་གོ་གནས་བཟུང་།༽ | 01 juil. 2026 | 00:04:33 | |
འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་ཉི་ཤུ་པའི་སྐབས་སུ་ཕུལ་བྱུང་རྩེ་འགྲན་པ་ཨར་ལེན་ཧར་ལེན་ཌི་དང་ཨེམ་བྷ་པེ་གཉིས་པོས་སྤོ་ལོ་ཐེངས་གཉིས་རེ་བླུགས་ནས་ཧྤ་རན་སི་དང་ནོར་ཝེ་གཉིས་འགྲན་རྩོད་ལ་ནང་མུ་མཐུད་མདུན་འདྲེན་བྱས་སོང་། | |||
| The Torres Strait Islander Flag: Land, Sea and People - ༄༅།། ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆས་མཚོན་པའི་ས་ཆ་དང་། རྒྱ་མཚོ། མི་རིགས་བཅས་ཀྱི་སྐོར། Australia Explained | 01 juil. 2026 | 00:06:52 | |
In Australia, you might see three flags flying together: the Australian National Flag, the Aboriginal Flag and the Torres Strait Islander Flag. Aboriginal peoples and Torres Strait Islander peoples are the two distinct Indigenous peoples of Australia, each with their own histories, cultures, languages and flag. For many Torres Strait Islander people, the flag is a powerful symbol of identity and belonging, whether they live on the islands, the mainland or overseas. - ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་ཀྱིས་རྒྱལ་དར་གསུམ་མཉམ་དུ་ལྷབ་ལྷུབ་གཡོ་བ་མཐོང་སྲིད། དེ་དག་ནི་ཨོ་སི་ཊེ་ལི་ཡའི་རྒྱལ་དར་དང་། གདོད་རིགས་མི་དམངས་ཀྱི་དར་ཆ། ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆ་བཅས་ཡིན། གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ནི་ཨོ་སི་ཊེ་ལི་ཡར་གདོད་མ་ནས་གནས་སྡོད་བྱེད་མཁན་གྱི་ཡུལ་མི་རིགས་གཉིས་ཡིན་ཞིང་། ཁོང་ཚོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག དར་ཆ་བཅས་ཡོད། སྐམ་ས་དང་། ཕྱི་རྒྱལ་སོགས་ཕྱོགས་གང་དུ་ཡོད་ཀྱང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་མང་པོ་ཞིག་ལ་མཚོན་ན། དར་ཆ་དེ་ནི་ཁོ་ཚོའི་ངོ་བོ་དང་གཅིག་བསྡུས་རང་བཞིན་གྱི་མཚོན་རྟགས་ཤིག་ཡིན། གཙོ་གནད། | |||
| MiniPod: Hammered | Words we use - ང་ཚོས་སྤྱོད་པའི་མིང་ཚོས་སྤྱོད་པའི་མིང་ཚིག ༼ ཧེ་མར་ཌི། ༽ SBS Learn English | 01 juil. 2026 | 00:04:27 | |
Learn a new phrase and make your English sound more natural and interesting. Words We Use is a bilingual series that helps you understand idioms like ‘hammered’. - ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "ཧེ་མར་ཌི་ Hammered!" ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་འཕེལ་བར་ཕན་ཐོགས་ཡོང་ངེས་རེད། | |||
| How to get into inclusive football in Australia - ༄༅། །ཨོ་སི་ཊེ་ལི་ཡར་རྐང་སྤོལ་རྩེད་མོའི་ནང་ཞུགས་ཚུལ། Australia Explained | 01 juil. 2026 | 00:08:23 | |
It’s no exaggeration when we hear that the FIFA World Cup is bringing the world together. After all, football is known as the world’s most popular sport. But football really begins on the suburban ovals and in the local clubs, with everyday players of all ages and abilities. Here’s how you can become one of them. - ཧྤི་ཧྤ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་གོ་ལ་ཡོངས་རྫོགས་གཅིག་ཏུ་བསྡུ་ཡི་ཡོད་ཅེས་བརྗོད་པ་ནི་སྒྲོ་འདོགས་བྱས་པ་ཞིག་མིན། དོན་དངོས་སུ་རྐང་སྤོལ་ནི་འཛམ་གླིང་ནང་དར་ཁྱབ་ཆེ་ཤོས་ཀྱི་རྩེད་མོ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་རྐང་སྤོལ་ནི་གྲོང་ཁྱེར་གྱི་ལྗང་ཐང་དང་ས་གནས་རུ་ཁག་ནང་ནས་འགོ་བརྩམས་པ་ཞིག་ཡིན་ལ། དེར་ལོ་ན་དང་ནུས་པ་མི་འདྲ་བའི་རྩེད་མོ་བ་ཚང་མ་ཡོད། འདིར་ང་ཚོས་ཁྱེད་རང་ཁོང་ཚོའི་ཁོངས་སུ་འཛུལ་ཐབས་སྐོར་གླེང་རྒྱུ་ཡིན། | |||
| The Torres Strait Islander Flag: Land, Sea and People - ༄༅། །ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆས་མཚོན་པའི་ས་ཆ་དང་། རྒྱ་མཚོ། མི་རིགས་བཅས་ཀྱི་སྐོར། Australia Explained | 01 juil. 2026 | 00:06:52 | |
In Australia, you might see three flags flying together: the Australian National Flag, the Aboriginal Flag and the Torres Strait Islander Flag. Aboriginal peoples and Torres Strait Islander peoples are the two distinct Indigenous peoples of Australia, each with their own histories, cultures, languages and flag. For many Torres Strait Islander people, the flag is a powerful symbol of identity and belonging, whether they live on the islands, the mainland or overseas. - ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་ཀྱིས་རྒྱལ་དར་གསུམ་མཉམ་དུ་ལྷབ་ལྷུབ་གཡོ་བ་མཐོང་སྲིད། དེ་དག་ནི་ཨོ་སི་ཊེ་ལི་ཡའི་རྒྱལ་དར་དང་། གདོད་རིགས་མི་དམངས་ཀྱི་དར་ཆ། ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆ་བཅས་ཡིན། གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ནི་ཨོ་སི་ཊེ་ལི་ཡར་གདོད་མ་ནས་གནས་སྡོད་བྱེད་མཁན་གྱི་ཡུལ་མི་རིགས་གཉིས་ཡིན་ཞིང་། ཁོང་ཚོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག དར་ཆ་བཅས་ཡོད། སྐམ་ས་དང་། ཕྱི་རྒྱལ་སོགས་ཕྱོགས་གང་དུ་ཡོད་ཀྱང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་མང་པོ་ཞིག་ལ་མཚོན་ན། དར་ཆ་དེ་ནི་ཁོ་ཚོའི་ངོ་བོ་དང་གཅིག་བསྡུས་རང་བཞིན་གྱི་མཚོན་རྟགས་ཤིག་ཡིན། | |||
| འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་ཉིན་རེའི་གསར་འགྱུར་གནད་བསྡུས།༼རོ་ནལ་ཌོ་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་དྲུག་པོ་ཡོངས་རྫོགས་ནང་སྤོ་ལོ་བླུགས་ཐུབ་མཁན་ཐོག་མ་དེར་འགྱུར་ཡོད།༽ | 24 juin 2026 | 00:04:36 | |
འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་བཅུ་གསུམ་པ་ལ་ཁི་རི་སི་ཊི་ནོ་ རོ་ནལ་ཌོ་ཡིས་ལོ་རྒྱུས་གསར་པ་བཀོད་པ་དང་། ལུ་ཀ་ མོ་ཌི་རི་ཆི་ ལ་བྱས་རྗེས་གསར་པ་ཞིག་ད་དུང་ཨིང་ལན་ཌི་གྱི་བློ་ཕམ་བཅས་གསན་མཁན་རྣམས་པ་ཨེ་སི་བྷི་ཨེ་སི་དམིགས་བསལ་ལས་རིམ་སྙན་སྒྲོན་ཞབས་ཞུ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཉིན་རེའི་གསར་འགྱུར་གནད་བསྡུས། | |||
| MiniPod: Banger | Words we use - ༄༅།།ཚན་པ་གཉིས་པ། ལེའུ་ ༥། ང་ཚོས་སྤྱོད་པའི་མིང་ཚིག ༼ བྷེང་ཨར། ༽ SBS Learn English | 24 juin 2026 | 00:04:37 | |
Learn a new phrase and make your English sound more natural and interesting. Words We Use is a bilingual series that helps you understand idioms like ‘Banger’. - ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "བྷེང་ཨར་" Banger!" ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་འཕེལ་བར་ཕན་ཐོགས་ཡོང་ངེས་རེད། | |||
| ༄༅།།ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་ཁྱེད་ཀྱི་དངུལ་ཁུག་ལ་ཤུགས་རྐྱེན་ཐེབས་པའི་སྒྲིག་གཞི་གསར་པ་ཁག། News | 24 juin 2026 | 00:05:59 | |
ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འགོ་བཙུགས་ཏེ་ཨོ་སི་ཊེ་ལི་ཡའི་ནང་འབྱུང་ལ་ཉེ་བའི་འགྱུར་བ་དུ་མ་ཞིག་གིས་མི་ས་ཡ་མང་པོ་ལ་ཤུགས་རྐྱེན་ཐེབས་སྲིད། པར་ཁུངས། གྷི་ཊི་པར་རིས། དངུལ་རྩིས་ཀྱི་ལོ་གསར་པ་ཞིག་ཤར་བ་དང་སྒྲིག་གཞི་གསར་པའི་བཀོད་ཁྱབ་ཅིག་ཡོད་ངེས་རེད། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འགོ་བཙུགས་ཏེ་ཨོ་སི་ཊེ་ལིའི་ནང་འགྱུར་བ་གང་དག་འབྱུང་རྒྱུ་ཡིན་པ། ལོ་རེའི་བསྐྱར་བཅོས་འདིས་སྒྲིག་གཞི་དང་ཁྲིམས་ལུགས་ལ་འགྱུར་བ་གཏོང་གི་ཡོད། ལོ་འདིའི་འགྱུར་བ་དེ་ནི་ངལ་རྩོལ་བ་ཚོའི་གླ་ཕོགས་དང་། རྒན་ཡོལ་བསྲི་ཚགས། ཁྱིམ་ཚང་གི་སྔོན་རྩིས། ཚོང་ལས་ཀྱི་བྱ་བཞག་བཅས་ལ་ཤུགས་རྐྱེན་ཐེབས་ཀྱི་རེད། གཤམ་དུ་ངེས་གཏན་བྱས་པའི་འགྱུར་བ་གལ་ཆེ་འགའ་ཞིག་ཡོད། | |||
| How do charities and individual fundraisers work in Australia? - ༄༅།། ཨོ་སི་ཊེ་ལི་ཡའི་ནང་དགེ་རྩའི་རོགས་དངུལ་བསྡུ་རུབ་བྱེད་ཚུལ། Australia Explained | 24 juin 2026 | 00:08:05 | |
What are the rules around raising money and charities? How can you ensure you don't get scammed? Here is what you need to know if you're donating, raising money yourself or launching an online crowdfunding appeal. - དགེ་རྩའི་ཕྱིར་ཞལ་འདེབས་སློང་མཁན་ཚོས་ལག་བསྟར་བྱེད་དགོས་པའི་སྒྲིག་གཞི་ཁག་གང་ཡིན་ནམ། ཁྱེད་རང་མགོ་སྐོར་འོག་ཇི་ལྟར་མ་ཚུད་པ་བྱེད་དགོས་པ། གལ་ཏེ་ཁྱེད་རང་གིས་ཞལ་འདེབས་རྒྱག་གི་ཡོད་པ་དང་། རང་ཉིད་ཀྱིས་དངུལ་བསྡུ་བཞིན་ཡོད་པ། ཡང་ན་དྲ་ཐོག་ནས་མང་ཚོགས་ཀྱི་དངུལ་བསྡུའི་ལས་འགུལ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད་ན། འདི་དག་གི་སྐོར་ལ་ཁྱེད་ཀྱིས་ཤེས་དགོས་པ་རྣམས་འདིར་བཀོད་ཡོད། | |||
| Bonus Practice: #113 Talking about winter comfort food (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༡༣། དགུན་དུས་ཀྱི་ཞིམ་ཟས་སྐོར་གླེང་བ། ༼གནས་ཚད་བར་མ།༽ Learn English | 24 juin 2026 | 00:01:35 | |
Practise speaking the dialogue from episode #113 Talking about winter comfort food. - ཨིན་སྐད་སྦྱོང་བརྡར་ཨང་། ༡༡༣། དགུན་དུས་ཀྱི་ཞིམ་ཟས་སྐོར་གླེང་བ། སྐབས་ཀྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས། Find the full episode, learning notes and more free resources at SBS Learn English. - Find the full episode, learning notes and more free resources at SBS Learn English. | |||
| #113 Talking about winter comfort food (Med) - ༄༅།།ཨིན་སྐད་སྦྱོང་བརྡར་ཨང་། ༡༡༣། དགུན་དུས་ཀྱི་ཞིམ་ཟས་སྐོར་གླེང་བ། ༼གནས་ཚད་བར་མ།༽ Learn English | 24 juin 2026 | 00:01:14 | |
Learn English useful for talking about cosy meals and winter comfort food. Practise everyday phrases for describing cravings, warm meals, and food that makes you feel comfortable in cold weather. - དགུན་ཁ་གྲང་ངར་ཆེ་བའི་སྐབས་ཀྱི་ཞིམ་ཟས་སྐོར་གླེང་བའི་ཨིན་སྐད་སློབ་སྦྱོང་བྱེད་པ་དང་འབྲེལ། རྒྱུན་དུ་གནམ་གཤིས་གྲང་བའི་སྐབས་ཟས་བྱེ་བྲག་ཅིག་ཟ་འདོད་ཀྱི་ཚོར་སྣང་སྟོན་པ་དང་། དྲོད་ཁོལ་ལྡན་པའི་ཟས་རིགས། དགུན་ཁའི་སྐབས་བདེ་སྐྱིད་ཀྱི་ཚོར་སྣང་སྦྱིན་མཁན་གྱི་ཞིམ་ཟས་སོགས་འགྲེལ་བརྗོད་བྱེད་པའི་ཚིག་སྦྱོར་སྦྱོང་བརྡར་བྱོས། Keep practising the phrases from this episode and test what you’ve learned with our quiz here. - Keep practising the phrases from this episode and test what you’ve learned with our quiz here. | |||
| ཨོ་སི་ཊེ་ལི་ཡའི་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འཕྲིན་ལས་འཇིགས་མེད་ལགས་སུ་གཞོན་སྐྱེས་འདུ་འཛོམས་དང་འབྲེལ་བའི་བཅར་འདྲི། Community Interview | 17 juin 2026 | 00:14:45 | |
༄༅།།དེང་སྐབས་ཕྱིའི་རྒྱལ་ཁབ་ཏུ་འཚར་ལོང་བྱུང་བཞིན་པའི་བོད་ཀྱི་གཞོན་སྐྱེས་ཚོར་རང་མི་རིགས་ཀྱི་རིག་གཞུང་དང་། སྐད་ཡིག གོམ་གཤིས་སོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་ཙམ་ཐོབ་མེད་ཁར་བོད་མིའི་སྤྱི་ཚོགས་ནང་མཉམ་འཛོམས་བྱེད་སྐབས་སྔར་སྲོལ་གྱི་འགྲོ་ལུགས་ལས་ཁོང་ཚོའི་སེམས་ཁམས་དང་འཚམ་པ་ཡོང་གི་མེད་སྟབས་རང་བཞིན་གྱིས་ཁེར་རྐྱང་གི་ཚོར་བ་ཞིག་མྱོང་བཞིན་ཡོད་པ་རྟོགས་བྱུང་། དེ་ལྟར་མུ་མཐུད་ཕྱིན་ན་འབྱུང་འགྱུར་ང་ཚོའི་གནས་བབ་དང་བོད་ཀྱི་བདེན་དོན་སེལ་ཐབས་ལ་ཕན་ཐོགས་ཡོང་ཁག་པོ་རེད་འདུག དེར་བརྟེན་ང་ཚོས་དུས་ནམ་ཡིན་ཡང་གནས་བབ་ལ་འཚམ་པའི་ལས་འགུལ་སྤེལ་ནས་རང་ཤུགས་ཀྱིས་ཁོང་ཚོར་༸རྒྱལ་བའི་དགོངས་གཞི་དང་རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིས་གཙོས་ཆོས་དང་རིག་གཞུང་རྣམས་བརྒྱུད་སྤྲོད་བྱེད་ཐུབ་པ་ཡོང་བའི་རེ་བ་བྱེད་དགོས། ལྷག་པར་དུ་ང་ཚོའི་ཐབས་རྩོད་དེ་རྒྱལ་ཁབ་ཆེན་པོ་ཞིག་ལ་ཕྱོགས་ནས་ཡོད་དུས་མིའི་ནུས་ཤུགས་དགོས་ཀྱི་ཡོད། དེའི་ཕྱིར་སློབ་སྦྱོང་དང་ཉམས་མྱོང་ཡོད་པ་ཚོས་སློབ་མ་ཚོར་དང་བླངས་ཀྱིས་སློབ་ཁྲིད་ཀྱི་འགན་བཞེས་པ་དང་། རྒྱུན་ལས་སུ་འདེམས་ཐོན་བྱུང་བ་ཚོས་གང་ཐུབ་ཅི་ཐུབ་མཉམ་རུབ་ཀྱིས་ཞབས་འདེགས་ཞུ་རྒྱུ། ལྷག་པར་དུ་བོད་རིགས་སྤྱི་ཡོངས་ཀྱིས་ལས་འགུལ་གང་ཞིག་སྤེལ་བ་དེ་དག་རང་ཉིད་ཀྱི་ཆེད་དུ་ཡིན་པར་དྲན་ནས་དུས་ཐོག་འཛོམས་རྒྱུར་ལྷོད་གཡེང་མེད་པ་བཅས་གནང་དགོས་ཀྱི་འདུག། | |||
| ཧྥི་ཧྥ་རྩེད་འགྲན་གྱི་ཉིན་རེའི་གསར་འགྱུར་གནད་བསྡུས། ༼མེ་སི་དང་། བྷ་པེ། ཧ་ལན་བཅས་ཀྱིས་ཉིན་དྲུག་པའི་རྩེད་འགྲན་འོད་སྣང་གིས་ཁྱབ་པར་བྱས།༽ | 17 juin 2026 | 00:05:09 | |
འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་དྲུག་པའི་སྐབས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ཕུལ་བྱུང་རྩེད་འགྲན་པ་ཚོས་མཚན་སྙན་ཡོད་པ་བཞིན་བྱས་རྗེས་ཆེན་པོ་བཞག་ཡོད། ལི་ཡོ་ནལ་མེ་སི་ཡིས་བསྟུན་མར་སྤོ་ལོ་གསུམ་བླུགས་ཏེ་རང་ཉིད་འཛམ་གླིང་རྐང་རྩེད་སྤོ་ལོའི་ནང་ཐེངས་དྲུག་ཞུགས་མཁན་གཅིག་ཤོས་དེ་ཡིན་པའི་དགའ་སྟོན་བྱས་པ་དང་ལྷན་། ཀི་ལི་ཡན་བྷ་པེ་དང་། ཨར་ལིང་ཧ་ལན་གཉིས་ཀྱིས་ཚར་གཉིས་རེ་བླུགས་ཏེ་ངོ་མཚར་ཆེ་བའི་རྒྱལ་ཁ་བླངས། གསན་མཁན་རྣམས་པ་ཨེ་སི་བྷི་ཨེ་སི་དམིགས་བསལ་ལས་རིམ་སྙན་སྒྲོན་ཞབས་ཞུ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཉིན་རེའི་གསར་འགྱུར་གནད་བསྡུས་རྒྱང་སྒྲོག་ལ་འཚམས་འདྲི་ཞུ། གུས་མོ་འབྲོམ་གཉེར་ཤར་ཟླ་སྒྲོན་ཡིན། | |||
| Bonus Practice: #112 Keeping kids busy | Surviving school holidays (Med) - ཨིན་སྐད་སྦྱོང་བརྡར་འཕར་མ། ༡༡༢། སློབ་གྲྭའི་གུང་གསེང་སྐབས་བྱིས་པ་ཚོ་མགོ་འཁོར་འཇུག་ཐབས། Learn English | 17 juin 2026 | 00:04:38 | |
Practise speaking the dialogue from episode Bonus Practice: #112 Keeping kids busy | Surviving school holidays (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༡༡༢། སློབ་གྲྭའི་གུང་གསེང་སྐབས་དཀའ་ངལ་མེད་པ་དང་བྱིས་པ་ཚོ་མགོ་འཁོར་འཇུག་ཐབས། སྐབས་ཀྱི་གླེང་མོལ་རྣམས་སྦྱོང་བརྡར་བྱོས། Find the full episode, learning notes and more free resources at SBS Learn English. - Find the full episode, learning notes and more free resources at SBS Learn English. | |||
| #112 Keeping kids busy | Surviving school holidays (Med) - ༄༅།། ཨིན་སྐད་སྦྱོང་བརྡར་ཨང་། ༡༡༢། སློབ་གྲྭའི་གུང་གསེང་སྐབས་བྱིས་པ་ཚོ་མགོ་འཁོར་འཇུག་ཐབས། Learn English | 17 juin 2026 | 00:12:49 | |
Learn English phrases for keeping kids busy during the school holidays. Practise everyday English for talking about children’s behaviour, boredom, and common challenges at home. - སློབ་གྲྭའི་གུང་སེང་སྐབས་བྱིས་པ་རྣམས་མགོ་འཁོར་འཇུག་རྒྱུའི་སྐོར་གྱི་ཨིན་སྐད་སློབ་སྦྱོང་བྱེད་པ་དང་འབྲེལ། རྒྱུན་དུ་གུང་གསེང་སྐབས་བྱིས་པ་རྣམས་ཁྱིམ་དུ་སྡོད་སྐབས་ཁོང་ཚོའི་སྤྱོད་ལམ་དང་། ཉོབ་སྣང་། དེའི་སྐབས་ཁྱིམ་དུ་འཕྲད་པའི་དཀའ་ངལ་སོགས་ཀྱི་སྐོར་གླེང་མོལ་བྱེད་པའི་ཚིག་སྦྱོར་སྦྱོང་བརྡར་བྱོས། Keep practising the phrases from this episode and test what you’ve learned with our quiz here. - དེ་རིང་གི་སློབ་ཁྲིད་འདིའི་ནང་གི་བརྗོད་ཚིག་རྣམས་སྦྱོང་བརྡར་བྱས་ནས་གང་སྦྱངས་པ་དེ་ཚོད་རྒྱུག་ལེན་རོགས། | |||
| MiniPod: On the back foot | Words we use - ང་ཚོས་སྤྱོད་པའི་མིང་ཚིག ༼ ཨོན་དྷ་བྷེག་ཧྤུ་ཊི།༽ SBS Learn English | 17 juin 2026 | 00:03:13 | |
Learn a new phrase and make your English sound more natural and interesting. Words We Use is a bilingual series that helps you understand idioms like 'On the back foot'. - ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "ཨོན་དྷ་བྷེག་ཧྤུ་ཊི་" On the back foot" ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོང་ངེས་རེད། | |||
© My Podcast Data · Projet indépendant · Données issues d'Apple & Spotify